R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༣བ-༤༥༦
[A:༡༣༣བ-༤༥༦] ན་སོ་སྨིན་པོར་སོང་རུང། ཞབས་དྲུང་འདིར་ཅི་སླེབ་བྱས་པའི་དགོས་པའི་གཙོ་བོ་བསྙེན་རྫོགས་ཡིན་པས་དེ་ནི་བར་ཆད་ཀྱི་དབང་དུ་མ་སོང་བར་ལེགས་པར་བློ་ཁ་རྫོགས། ད་སྒོས་ཡུན་རིང་པོར་སྡོད་པའི་འདུན་པའང་མ་བཏང། དབུས་གཙང་གི་གྲ་བུ་སློབ་རྣམས་དང་འཕྲད་པ་ཙམ་བྱེད་པ་ཡང་ལུགས་གཉིས་ཀའི་དམ་ཚིག་ཡིན་པས་ཕྱིར་འགྲོ་བར་རང་བྱེད། གསང་སྔགས་ཀྱི་ཆོས་སྐོར་རྣམས། སྔར་གྲུབ་ཆེན་རིན་པོ་ཆེར་ལེགས་པར་གསན་འདུག་པ་དང། བཀའ་བརྒྱུད་རིན་པོ་ཆེའི་བསྟན་འཛིན་འོས་པ་དག་ལ་གསན་པ་གནང་ན་དགོངས་བཞེད་གྲུབ་པའང་ཡོང། འདུལ་བ་ལུང་ཙམ་ད་རེས་འབུལ་དགོས་རྒྱུ་ཡིན་རུང། དེ་ཙམ་འབུལ་བའི་ལོང་ཁོ་བོ་ལ་མི་ཡོང་བ་འདུག་པས། ད་རེས་མེ་ཏོག་ཕྲེང་རྒྱུད་རྩ་འགྲེལ་འདི་གཉིས་ཀྱི་ལུང་དང་དཔེ་འདི་ཡང་འབུལ། རྗེས་སུ་འདི་ཐོབ་ནས་འདུལ་བ་འཆད་པ་གནང་བས། རང་བྱུང་དུ་དགོངས་པ་ཅིག་ཡོང་བ་ཡིན་ཞུས་པ་བཞིན། ཕྱིས་དགེ་བའི་བཤེས་གཉེན་ལྔ་བརྒྱ་ཙམ་ལ་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་བཤད་པ་གནང་བས། འདུལ་བའི་ཚིག་དོན་མ་ལུས་པ་འཆད་པ་དང་དུས་མཉམ་ཐུགས་སུ་ཆུད་དེ། དེ་དུས་རྗེ་དུང་གི་འདུལ་བའི་བཤད་པ་ཡོངས་འཛིན་གང་འདྲ་ལ་གསན་པ་ཡིན་ཞུས་པས། ངེད་ཀྱིས་འདུལ་བ་ཚིག་ལེའུར་བྱས་པའི་བཤད་པ་