R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༤ན-༤༥༧
[A:༡༣༤ན-༤༥༧] ༄༅། །ཡོངས་འཛིན་བསྟེན་ཏེ་ཞུས་པ་མེད། འོན་ཀྱང་བསྙེན་རྫོགས་བྱས་དུས། མཁན་པོ་རིན་པོ་ཆེས་འདུལ་བ་ཚིག་ལེའུར་བྱས་པ་རྩ་འགྲེལ་གྱི་དཔེ་ཆ་འདི་གནང། འདི་ཐོག་ནས་བཤད་པས་གོ་ཡོང་གསུང་བའི་ལུང་བསྟན་གནང་བྱུང་བ་བཞིན་བཤད་པས་དོན་དུ་འགྱུར་ཙམ་བྱུང་བ་ཡིན། འདི་ལྟ་བུ་ནི་ཡོངས་འཛིན་བཟང་པོ་ལ་བརྟེན་པའི་ཐུགས་རྗེར་འདུག། ཁྱེད་རང་རྣམས་ཀྱང་ཡོངས་འཛིན་བཟང་པོ་ལ་བརྟེན་པ་གལ་ཆེ་བར་རང་ཡིན་ཞེས་གསུང། དེ་ལྟར་ཡང་ཀརྨ་པ་བརྒྱད་པ་ཉིད་ཀྱི་གསུང་ལས། དེ་ནས་རང་ལོ་ཉི་ཤུ་རྩ་གཅིག་ལ། །དོན་གྱི་སླད་དུ་མཚན་ནས་སྨོས་པ་ནི། །མཁན་པོ་ཆོས་གྲུབ་སེང་གེས་གཙོ་མཛད་པའི། །དགེ་འདུན་སྒང་པའི་ཇོ་བསྟན་ཚོགས་པ་ལ། །བསྙེན་པར་རྫོགས་པའི་དགེ་སློང་སྡོམ་པ་མནོས། །དུས་དེར་བདག་ཉིད་ཆེན་པོ་ཀརྨ་པའི། །ཕྲིན་ལས་དབང་ཕྱུག་གིས་ཀྱང་ལས་སློབ་མཛད། །མཁན་པོའི་ཞལ་ནས་མེ་ཏོག་ཕྲེང་རྒྱུད་ཀྱི། །འདུལ་བའི་ཚིག་དོན་གཞན་ལ་ཤོད་ཅིག་གསུང། །བྱིན་གྱིས་བརླབས་ཤིང་ཇོ་ནང་ཀུན་མཁྱེན་གྱི། །བསྟན་པ་སྤྱི་འགྲེལ་གནང་ཞིང་ཚེ་སྒྲུབ་མཛད། །རྣམ་སྲས་མདུང་དམར་ཅན་གྱི་ཆོས་སྐྱོང་གནང། །གནད་ཀྱི་གདམས་ངག་ཕལ་ཆེར་ཞུས་ལན་བྱས། །ཇོ་ཞལ་སྦྱོར་དྲུག་མན་ངག་དོན་གྱིས་ཐོབ། །
ཅེས་པ་རྗེ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་ནའང་ཡོད།
ཅེས་ཀརྨ་ལོ་ཙ་བ་རཏྣ་མངྒ་ལཾ་གིས་ཀ་ལ་ཙནྡྲའི་