R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༤བ-༤༥༨
[A:༡༣༤བ-༤༥༨] པ་རིས་འབུལ་དུས་ཀྱི་ཐེགས་དུས་ཀྱི་གསུང་ལས་ཐོས། གོང་དུ་སྨོས་པ་ལྟར་ཐེ་ཚོམ་མེད་པར་ཐུགས་ཐག་བཅད་པའི་བཀའ་གནང་བ་གཞན་དུ་མི་འཆེལ་མེད་ལྟ་བུ་ཞུས་པའི་ཚེ། སྒར་པ་དཔོན་སློབ་བྱིན་གྱི་ཞུ་ནན་ཆེར་མ་སྤོབས་པ་ནས། དབུས་ཕྱོགས་སུ་ཕེབས་པ་ལ་དགོངས་པ་གཏད་དུས། རྒྱལ་བའི་དབང་པོས། རྗེ་དྲུང་གི་དབུ་ལོ་སྦུབས། ཕྱག་སེན་ཞབས་སེན་དང་བཅས་པའི་བྱིན་རླབས་རྟེན་དགོས་ཚུལ་ཕེབས་པ་ལ། འབུལ་མི་སྤོབས་ཚུལ་ཞུས་ཀྱང། འགྲོ་བའི་དོན་ཆེན་པོར་འགྱུར་བས་ཅིས་ཀྱང་དགོས་ཕེབས། དེ་ལྟར་ན་ངེད་ལའང་དབུས་གཙང་གི་དད་ལྡན་རྣམས་ཀྱི་རྟེན་དུ། ཞབས་དྲུང་གི་དབུ་ལོའང་སྦུབས་ཤིག་དགོས་ཞུས་པས། རྗེ་ཡབ་སྲས་ཀྱི་དབུ་ལོ་དད་ལྡན་གྱི་རྟེན་དུ་སོ་སོར་བཞེས། རྗེ་ཉིད་ཞིང་གཞན་དུ་ཐེགས་པའི་རྗེས་སུ། རྒྱལ་བའི་དབང་པོས། དབུ་ལོ་འཁོར་གྱི་དབུས་སུ་ཞལ་ཕྱེ་བ་ན། དབུ་སྐྲ་རྣམས་རིན་པོ་ཆེ་སྣ་ལྔའི་ཕུང་པོ་ལྟར་གྱུར་ཅིང་། ཉག་མ་རེ་རེ་ལའང་ཁ་དོག་ལྔ་པའི་རིང་སྲེལ་བཅུ་བཅུ་བས་མི་ཉུང་བར་གཏམས་པ་གཟིགས་པའི་ཚེ། ཁོ་བོ་ལ་ཡོངས་འཛིན་འདི་འདྲ་ཡོད་པ་ཡིན། བཤེས་གཉེན་དང་བཤེས་གཉེན་མི་འདྲ་བ་ཡིན། ཞེས་གསུངས་ཏེ་ཐོ་ཚེམ་མེད་པར་སླད་དུ་སྨོས་པའི་མཛད་པ་རྣམ་པར་དཀར་བ་རྣམས་ཀྱིས། རྒྱལ་དབང་ཀརྨ་པའི་ཐུགས་དགོངས་མི་བཟད་པ་རྒྱན་གྱི་འཁོར་ལོ་ཡང་དག་པར་སྐོང་ ཞིང་པར་