R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༥ན-༤༥༩
[A:༡༣༥ན-༤༥༩] ༄༅། །གཤེགས་སྐྱེམས་ཀྱི་འབུལ་བ་རྙེད་བཀུར་སོགས་ཀྱང་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པ་རྒྱ་མཚོས་མཆོད་དོ། །ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་འདེགས་པའི་ཐུགས་ཐག་བཅད། དེ་དུས་རྒྱལ་ཚབ་སྤྲུལ་པའི་སྐུ་ཀོང་སྨད་རྟ་བ་རྒྱལ་གཟིངས་ན་བཞུགས་པ་དེས། གསོལ་ཇ་ཇ་ཞུས་ཚབས་ཀྱི་གཙོས་པའི་འབུལ་ནོད་ཀྱི་འབྱོར་བ་ལ། དེ་མ་ཐག་བརྡབ་ལན་གནང་བར། དྲུང་རབ་འབྱོར་བ་དང། ཆོས་མཛད་རྡོ་རྗེ་གླིང་པ་གཉིས་སློང་བའང་གནང། ཕྱིས་རྒྱལ་ཚབ་སྤྲུལ་སྐུའི་གསུངས་ལས། དཔལ་ལྡན་བླ་མ་ཆོས་གྲུབ་སེང་གེ་དང། །ཀརྨ་ཕྲིན་ལས་ཕྱོགས་ལེགས་རྣམ་རྒྱལ་གཉིས། །ཕེབས་ཚེ་བདག་ཅག་སྐལ་བ་དམན་པའི་མཐུས། །བདག་གི་གཉེར་འཛིན་རྣམས་ཀྱི་འདི་སྐད་དུ། །ཇོ་སྟན་རྒན་པོས་ཆོས་ནི་མི་ཤེས་པས། །རེ་ཤིག་མཚམས་ལ་སྡད་ན་ལེགས་ཤེས་ཞེས་ཟེར། །གྲོགས་ངན་བརྟེན་པས་རྗེ་བཙུན་རིན་པོ་ཆེ། །མཁན་ཆེན་ཆོས་གྲུབ་སེང་གེ་དེ་མ་མཇལ། །ད་དུང་འགྱོད་པའི་རྨ་ལ་སོས་དུས་མེད། །དེ་ལ་འགྱོད་ཀྱང་ད་ནི་ཅི་ཞིག་བྱ། །ཅེས་ཀྱང་གསུངས་པར་སྣང། དཔོན་སློབ་གཞི་གཞིས་བྱེས་བྱིན། རྗེ་ཉིད་སྐུ་ན་སྨིན་པ་དང་སྐུ་ཤོར་སོགས་ཀྱང་ཅུང་ཆུང་བའི་རྣམས་པས་