[A:༡༣༥བ-༤༦༠] ལམ་བར་རྣམས་སུ་ཉེན་མེད་དུ་ཕེབས་བཞུགས་ཇི་ལྟར་འོང་ངམ་ཞེས་ཐུགས་ཐེང་ངེར་ཡོད་པ་ལ། རྒྱལ་བའི་དབང་པོའི་བཀའ་ལས། ཁྱེད་རང་རྣམས་དེ་ལྟར་དུ་ཉམ་ང་བར་མ་བྱེད་ཅིག། དམ་པ་འདི་ཉིད་དབང་ཐོབ་པའི་སེམས་དཔའ་ཆེན་པོ་ཡིན་པས། ལམ་བར་འགལ་རྐྱེན་མེད་པར་དགོངས་པ་ཇི་ལྟར་གཏད་པ་བཞིན་འགྲུབ་པ་ཡིན་ནོ་ཞེས་ལུང་བསྟན་བཟང་པོ་གནང། དཔལ་རྣམ་ཐོས་ཀྱི་རི་བོ་ནས་བཏེག། བུ་ཆུང་གསེར་གྱི་ལྷ་ཁང་གི་བར་སྒར་པའི་བླ་མ་དཔོན་ཆེན་སོགས་ཐམས་ཅད་ཀྱི་སྤྱན་འདྲེན་ཞུས། དེ་ནས་རིམ་གྱིས་ཉང་ཁ་ཕྱོགས་ལ་རྒྱུད་དེ། ཤམ་བུར་ཕེེབས་པའི་ནུམ་མོ་མནལ་བའི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་བའི་ཚེ། བདག་ལ་རྣམ་རྒྱལ་བ། ངེད་རང་ཡར་དབུས་གཙང་དུ་སླེབས་ནས་ཚོགས་པའི་གདན་ས་དེ་ཡང་བཀོད། རྒྱལ་ཆེན་གླིང་ནས་ཡུམ་སྲས་རྣམས་མ་མཇལ་ཐུབ་པའི་ཁས་ལེན་ཕུལ་བ་ཡང་མཐར་ཕྱིན་པ་ཅིག་བྱེད་རྩིས་ཡིན་ཏེ། ལར་ཚེ་ཚད་རྫོགས་ནས་ཡུན་ཀྱང་རིང་པོ་སོང། རླུང་གི་རྒྱུ་བ་ཡང་གཡས་གཡོན་གཉིས་ཀྱི་འཕོ་བ་ཆད་ནས་དབུ་མ་འབའ་ཞིག་ནས་རྒྱུ་བས་ཀྱང་ལོ་འཁོར་ཙམ་ཡིན་པས། ང་ཤི་མིན་གསོན་མིན་འདི་འདྲ་དྲང་ནས་འགྲོ་བ་ཁྱེད་རྣམས་ཀྱང་སྦྱོང་བ་འདུག་པས། ངེད་ཀྱིས་འཕོ་བ་ཞིག་བྱས་ཕུང་པོ་འདི་ཡང་འདི་ཁར་སྲེགས། ཁྱེད་རང་རྣམས་བཤར་ན་ཕྱིན་ན་ལེགས་པ་ཅིག་ཡོང་བ་འདྲ་ཕེབས་