R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༧ན-༤༦༣
[A:༡༣༧ན-༤༦༣] ༄༅། །རིན་ཆེན་བཀྲ་ཤིས་པ་ལ། ཚོགས་ཀྱི་གདན་ས་བ་རྣམས་ལ་མཛད་དཀའ་མོ་ཡོད་ཚུལ་གྱི་གླེང་གླང་སློང་མང་པོ་གནང་བ་ན། ཞུ་ལན་དུ། རྗེ་གཉག་ཕུ་པ་དང། སྐུ་མདུན་ཉིད་ལྟ་བུའི་མཁན་པོ་ནི་ད་འབྱུང་བ་དཀའ། གཞན་མ་སུ་མ་བྱུང་ཀྱང་བླ་ལགས་སམ་ཞེས་ཞུས་པའི་ཚེ། བླ་ན་ཤིན་ཏུ་ལེགས། སྐྱིད་རུང་སྡུག་རུང་གདན་ས་དེ་ཁྱེད་རང་གི་བྱེད་དགོས་པ་འདུག་གོ་ཞེས་ལུང་བསྟན་མཛད་པ་དང་དུས་མཉམ་པར། མར་གསར་ཞོ་བ་ཤིན་ཏུ་མང་བ་ཞིག་འབུལ་མཁན་བྱུང་བས། རྟེན་འབྲེལ་ཡང་ལེགས། འོན་ཀྱང་ངེད་རང་གི་ཇ་སྡོར་ཆད་པ་ཆོས་སྐྱོང་འདིས་ཐིངས་པའི་ལུགས་ཡིན་འདུག་གསུང། དེ་ལ་སོགས་པ་ཕེབས་ལམ་ཐམས་ཅད་དུ་བསྙེན་བཀུར་དང་ཞབས་ཏོག་དཔག་ཏུ་མེད་པ་ནས། ཀླ་ཀློ་ལྟར་དཀར་ནག་གི་བླང་དོར་མི་ཤེས་པའི་སྐྱེ་བོ་ཕྱུགས་ལྟར་བླུན་པ་དེ་དག་ཐམས་ཅད་ཀྱང་ཐར་པ་མཆོག་གི་ས་བོན་དུ་གྱུར་པའི་ཆོས་ཀྱི་ལམ་དཀར་པོ་ལ་འགོད་བཞིན་པས་ཕེབས་པ་ལས། ལོང་ཕུའི་ནགས་ཁྲོད་ཞིག་ཏུ་གསོལ་ཇ་གནང་བའི་སྐབས་སུ་མེ་རང་དབང་མེད་པར་རླུང་གིས་བསྐྱོད་དེ་སྐད་ཅིག་གཉིས་པར་དྲག་ཏུ་འབར་བ་ན། དཔོན་སློབ་རྣམས་རིངས་སྟབས་སུ་ཕེབས་དགོས་བྱུང་བའི་ཚེ། རྗེ་ཉིད་ཀྱིས། དཔོན་སློབ་འཁོར་དང་བཅས་པ་ལ་མེའི་འཇིགས་པ་ཉེ་བར་ཞི་བའི་བདེན་སྟོབས་བརྗོད་པས། དེ་མ་ཐག་རླུང་ལ་བུས་མེ་དེ་ཉིད། དཔོན་སློབ་