R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༨ན-༤༦༥
[A:༡༣༨ན-༤༦༥] ༄༅། །རེ་དང། འབྲི་ཞོ་ཟོ་བ་རེ་ཕུལ་ཏེ། བདག་ཅག་གཉིས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་བརྒྱའི་ལུང་རེ་གནང་བ་ཞུ་ཞུ་བ་ལ། ཁྱེད་གཉིས་ཀྱིས་མཚན་བརྒྱ་ཚར་རེ་གསུང་པས། བདག་ཅག་གཉིས་མཚན་བརྒྱ་ལ་ཁ་ཏོན་དུ་བྱེད་ཀྱིན་ཡོད་པ་ཡིན་ཞུ་བ་ལ། སྲས་བརྒྱད་ཀྱིས་མཚན་བརྒྱའི་མཚན་ཚོར་བ་ཙམ་ཡང་ཤིན་ཏུ་དཀོན་པར་གནང་ན། ཁྱེད་གཉིས་ལ་དེ་ལྟ་བུ་ཡོང་བ་ངོ་མཚར་ཆེ། དཔེ་ཆ་ཡོད་དམ་གསུང་བ་ལ། དཔེ་ཆ་འབུལ་རྒྱུ་མེད་ཞུས་པའི་ཚེ། འོ་ན་ཁྱེད་རང་གཉིས་ཀྱིས་ཚར་གཅིག་གྱིས་ཤིག། དེའི་རྗེས་སུ་ངེད་ཀྱིས་ལུང་བྱེད་ཨེ་ཐུབ་བལྟའོ་གསུང་པས། ཁོང་གཉིས་ཀྱིས་བསྒྲིགས་ཏེ་སྒྲ་དག་པ་ཚར་གཅིག་བཏོན། དེའི་རྗེས་སུ་རྗེ་ཉིད་ཀྱིས་ཟུར་མ་ཐམས་ཅད་པར་ཚར་གཅིག་གནང་ཏེ། བཤད་པ་དང་བཅས་ཏེ་ལུང་རྒྱས་པར་གནང་བས། འབྲོག་ཕྲུག་དེ་གཉིས་ནི་ཤིན་ཏུ་ངོ་མཚར་ཞིང་ཡི་རང་བར་གྱུར། བདག་ཅག་ཞབས་འབྲིང་པ་རྣམས་ནི་འབྲོག་ཕྲུག་དེ་གཉིས་ཀྱང་སྤྲུལ་པ་ཞིག་ཡིན་ནམ་སྙམ་ཐེ་ཚོམ་དུ་གྱུར་ནས། རྗེའི་དྲུང་དུ་འབྲོག་ཕྲུག་དེ་གཉིས་སྤྲུལ་པ་ཞིག་ཡིན་ལགས་སམ། རྗེ་ཉིད་ཀྱི་ཐུགས་ལ་མཚན་བརྒྱ་ཡང་ཐོག་མ་ནས་བཞུགས་པ་ལགས་སམ་ཇི་ལྟར་ལགས་ཞུས་པའི་ཚེ། ཕྲུ་གུ་དེ་གཉིས་གང་གིས་སྤྲུལ་ཀྱང་སྤྲུལ་པ་ལས་འོས་ཅི་ཡོད། གང་ལྟར་ཡང་ངེད་རང་ཚོ་ལ་མར་གསར་