R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༩ན-༤༦༧
[A:༡༣༩ན-༤༦༧] ༄༅། །ལག་འབྱུང་གི་སྤྲུལ་པ་ཡིན། ངེད་དང་ཁོང་གཉིས་འདི་ལ་མཇལ་བའི་འབྲེལ་པ་མེད། ཁྱེད་དང་ཁོང་ལ་འབྲེལ་བ་ཡོད་པ། ཁོང་ལ་བསྟེན་པ་ལེགས་ཤེས་ཞེས་ཕེབས་པ་ཡིན་གསུང་བ་དང། སྒར་ནང་དུའང་ཁུང་མ་ལ་དེ་བཞིན་དུ་ཐོས་པ་ལགས་ཞེས་ཞུས་པས། ཐམས་ཅད་མཁྱེན་པ་བརྫུན་མི་གསུང་བས། རྗེ་རིན་པོ་ཆེ་ལོ་ཆེན་འཕགས་པ་ཡན་ལག་འབྱུང་གི་སྤྲུལ་པ་ཤིན་ཏུ་ཡིན། ངེད་རང་ཡང་འཕགས་པ་སྒྲ་གཅན་འཛིན་གྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག་མིན་པའི་ངེས་པ་ཡང་ཅི་ཡོད་གསུང། དེ་ནས་སང་ནམ་སེང་ལ་ཆིབས་ཐོག་ཏུ་ཐོན་པ་མཛད། འབྲུམ་ངུའི་ལ་ལ་ཐེགས་པའི་ཚེ་ལ་དེ་ལ་ལྷ་འདྲེ་ཤིན་ཏུ་གཉན་པོ་ཞིག་གནས་པའི་སྟོབས་ཀྱིས་འགྲུལ་བུ་ཉི་ཤུ་ཙམ་དུ་ལོང་པས་བྱུང་ན་ཡང་གངས་ཆེན་པོ་བབ་ཏེ་ལ་འགགས་ཡོང་བ་ལྟ་བུ་ཞིག་ཡིན་འདུག་ནའང། རྗེའི་ཐུགས་རྗེས་ཁ་ཚུབ་ཆེ་བ་ནི་མ་བབ། འོན་ཀྱང་ནམ་མཁའ་ཕྱོགས་ཐམས་ཅད་ནས་གཏིབས་ཤིང། བྱང་བསིལ་འོད་མ་འགས་པ་ལྟ་བུས་བདག་ཅག་ཕྱག་ཕྱི་ལ་བསྙེག་པ་རྣམས་ནི་ཤིན་ཏུ་གྲང་བས་ཉམས་ཐག་ཏེ། ཡན་ལག་རྣམས་རེངས་པར་གྱུར་པའི་ངང་ནས། ས་སྲོས་ཙམ་ན་རི་བུ་ཆུང་གི་འདབས་སུ་ཕེབས། དེའི་ཚེ་ཞབས་འབྲིང་བ་ཐམས་ཅད་རྗེ་ཉིད་ཀྱི་སྐུ་ངལ་བར་དོག་པའི་མྱ་ངན་གྱི་དཔྱང་ཐག་ལ་འཆང་བཞིན་པས། ཞབས་དྲུང་དུ་སྟབ་སྟོབ་པོར་ཕྱིན་ནས་སྤྱན་སྔར་འཁོད་པ་ན། དམ་པ་འདི་ནི་