R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༤ན-༤༧༧
[A:༡༤༤ན-༤༧༧] ༄༅། །འབྱེད་ཞུས་ཤིང། སངས་རྒྱས་པའི་གྲུབ་པའི་མཐའ་བཞི་སོ་རྣམས་ཀྱིའང་སོ་སོའི་བཞེད་པ་འདི་དང་འདི་ཞེས་མ་འདྲེས་པར་གསལ་བར་རྟོགས་པ་ཉིད་ཀྱི་ཕྱིར་རང་གཞན་གྱི་གྲུབ་མཐའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ། ཤཱཀྱ་སེང་གེའི་བསྟན་འཛིན་ཆོས་ཀྱི་རྗེ། ཞེས་པའང། སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་དགེ་འདུན་ལ་རག་ལས་ཤིང། དགེ་འདུན་ཡང་བསྙེན་པར་རྫོགས་པའི་དགེ་སློང་བཞིན་སྡེར་ལོངས་པ་ཕྱིན་ལ་འཇོག་དགོས་པས། དེ་ལྟར་ན་ཁོ་བོས་གངས་ཅན་གྱི་ལྗོངས་འདིར་འགྲོ་དོན་བསྟན་པ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པའི་དངོས་པོ་བཀོད་པའང་གྲངས་ལས་འདས་ཤིང། བྱང་ཆུབ་སེམས་དཔའ་དང། རིག་པ་འཛིན་པའི་བསླབ་པ་ལ་འགོད་པར་བྱས་པའང་མཐའ་ཡས་པ་དེའི་ཕྱིར། ཁོ་བོ་བསྟན་འཛིན་གྱི་ཆར་རྫོགས་པར་ཡང་ངེས་པར་གྱུར་ཏོ། །དཔལ་ལྡན་བླ་མ་ཞེས་པའང། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུང་པའི་སྐབས་འདིའི་སངས་རྒྱས་ཀྱི་སྐབས་འདིའི་སངས་རྒྱས་ཀྱི་ཞལ་འདི་དབང་བཞི་པའི་ཡེ་ཤེས་ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ལ། དེ་ཉིད་བླ་མ་རང་ཉིད་ཀྱིས་མངོན་དུ་གྱུར་པས་ཐུགས་ལ་གནས་པ་དང་སློབ་ལ་མ་བྱིན་པར་ནུས་པས་ཞལ་ལ་གནས་པ་ལ་གསུངས་ཤིང། དེ་ཉིད་ཀྱང་ཕྱོགས་མཐུན་པ་ཙམ་ཡིན་པས། ཚིགས་སུ་བཅད་པ་འདི་ནི་སྒྲོ་སྐུར་དང་བྲལ་