R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༤བ-༤༧༨
[A:༡༤༤བ-༤༧༨] བར་བལྟ་བར་བྱའོ། །ཞེས་བཀའ་སྩལ། གཞན་ཡང་དེ་ཉིད་ནས་གཟུང་ཏེ་མངོན་སུམ་དུ་གྱུར་པའི་ཆོ་འཕྲུལ་ཡང་ལན་ཏེ་མ་ཡིན་པར་བསྟན་པ་ཡིན་ཏེ། དེ་ཡང་རྗེ་འདིའི་བཞེད་པས། ད་ལྟ་ཡོངས་སུ་གྲགས་པ་ནི་རྩིས་པ་མཁན་པོ་ཕལ་ཆེར་ལས་ཟླ་བ་རྣམས་ཚིགས་རེ་རེས་སྔ་བར་འཇོག་པས་ལོ་དེའི་ནག་ཟླ་ཧོར་ཟླ་གཉིས་པ་གནང། དེའི་ཚེ་བཅོམ་ལྡན་འདས་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་བསྒྲུབ་མཆོད་ཆེན་མོའི་ས་ཆོག་སྟ་གོན་དང་བཅས་པ་ཚེས་བཅུ་ལ་བཙུགས་ཏེ། བུམ་པ་སྟ་གོན་གྱི་དུས་སུ། བུམ་པར་མེ་ཏོག་ཕུལ་བ་དེ་ཉིད་ལས། སྔགས་ཀྱི་བཏབ་པའི་ལོ་ཐོག་ནི། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། དེ་ཉིད་ནས་ཉེར་ལྔའི་བར་གྱི་ཞག་བཅོ་ལྔའི་ཁོངས་སུ་ནས་ཀྱི་མྱུ་གུ་སྲུབས་ཀྱི་བར་དུ་རྫོགས་པར་གྱུར་པས་ཀུན་ངོ་མཚར་བ་ཙམ་ལས་གཞན་དུ་སེམས་པར་མ་གྱུར་ནའང་། ཕྱིས་ལེགས་པར་བསམས་པ་ན། དེ་ལྟ་བུ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང། རྗེ་ཉིད་འཕགས་པ་སྒྲ་གཅན་འཛིན་གྱི་སྤྲུལ་པར་ཞལ་གྱིས་བཞེས་ཤིང། འདས་པ་དང་མ་འོངས་པའི་གནས་མཐའ་དག་ལ་གཟིགས་པ་དྲི་མ་མེད་པས་ལུང་སྟོན་པ་མཐའ་ཡས་པ་དང་བཅས་པ་ནི། ཞིང་ཡང་དག་པར་འཕོ་བའི་སྔ་ལྟས་ལུང་སྟོན་པའི་