R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༥ན-༤༧༩
[A:༡༤༥ན-༤༧༩] ༄༅། །བརྡ་ཁོ་ནར་མངོན་ཞིང། འགྲོ་བ་གཞན་གྱི་དག་པའི་སྣང་བ་ལའང་། རྗེ་ཉིད་ཞིང་འཕོ་བའི་ལྟས་ངོ་མཚར་བ་དག་ཤར་བ་འདི་ལྟ་ཏེ། ཁྱི་ལོའི་དབྱར་གྱི་དུས་སུ། ལས་དག་པ་ལ་ལའི་རྨང་། རྨི་ལམ་དུ། རྗེ་ཉིད་སེང་གེ་དཀར་མོ་རིན་པོ་ཆེའི་བརྒྱན་དུ་དམན་བརྒྱན་པ་ཞིག་ལ་ཆིབས་ཏེ། སྐུ་གཟི་བརྗིད་དང་ལྡན་ཞིང་འོད་དང་འོད་ཟེར་གྱི་ཕུང་པོ་མཐའ་ཡས་པ་དང་བཅས་པས་བྱང་གི་ཕྱོགས་ཀྱི་ནམ་མཁའ་ལ་འུར་སྒྲ་ཆེན་པོ་དང་བཅས་ཏེ་ཐེགས་པའི་ཉམས་དང། དེ་ཉིད་ནས་གཟུང་ཏེ་ལུང་པ་ཐམས་ཅད་གསོལ་འདེབས་ཀྱི་སྒྲས་གང་བ་མངོན་སུམ་དུ་ཉམས་ལ་ཤར་བ་ན། རྗེ་བཙུན་འདི་ཉིད་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་གདུལ་བྱ་རྣམས་ཀྱིས་གསོལ་བ་འདེབས་པའི་སྒྲ་ཡིན་པ་འདུག་སྙམ་པས་དུས་འདའ་བ་བྱུང་འདུག་ཅིང། དེ་བཞིན་དུ་འགའ་ཞིག་ལ། ལོ་དེ་ཉིད་ཀྱི་ཚེ་རྗེ་དཔོན་སློབ་བདུན་པ་ཞིག་ཆིབས་དང་ན་བཟའ་སྔོན་པོ་འབའ་ཞིག་པར་གནང་བའི་རོལ་མོའི་བྱེ་བྲག་མཐའ་ཡས་པ་ཐོགས་པས་བསུ་བ་དཔག་ཏུ་མེད་པ་དང་བཅས་ཏེ་བྱང་ཕྱོགས་ཀྱི་ནམ་མཁར་གཤེགས་པའི་ཐུགས་ཉམས་བྱུང་བ་དང། གཞན་སྣང་དེ་ལྟ་བུའི་དག་སྣང་མང་པོ་བྱུང་བ་དག་ནི་ཡི་གེ་ངལ་བས་འདིར་མ་འཁོད། ཁྱད་པར་བྱི་བ་ལོ་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ཉིན་