R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༤༨བ-༤༨༦
[A:༡༤༨བ-༤༨༦] ཡིན་པས་དེ་ཙམ་གྱིས་ཚེ་འདིའི་བྱེད་དགོས་ལྷག་ལུས་མེད་པར་གྲུབ་པ་ཡིན། འོན་ཀྱང་ཚོགས་པ་རྣམས་ལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་བཙུགས་པ་འདི་ལ་ད་དུང་ཀྱང་ཆོ་གའི་ལག་ལེན་ཁ་སྐོང་དགོས་པ་ཕྲན་ཚེགས་དང། དགེ་ཐེབས་མཚོན་པ་སྦྱོར་བའི་བསམ་པ་ཡོད་པ་ཡིན་ནའང་དེ་ཙམ་དུ་འདུག ད་དགོས་ཁྱེད་རྣམས་ཀྱིས་དོ་གལ་ཆེན་པོས་ཞབས་འདེགས་སུ་འགྱུར་བ་གྱིས་ཤིག ཁྱད་པར་ཡར་རྒྱབ་པ་འདི་བསྟན་པ་རིས་མེད་པའི་སྦྱིན་བདག་ཡིན་པ་དང། དགེ་འདུན་སྒང་པའི་སྡེ་འདི་དང་ཆོས་སྐྱོང་གིས་སྦྲེལ་ཞིང་མི་རབས་གྲངས་པའི་ཡོན་བདག་མཆོད་ཀྱི་འབྲེལ་ཚུལ་གཞན་དང་མི་འདྲ་བ་དང། ངེད་རང་ལ་ཡང་ཐུགས་ཡིད་གཏད་པའི་སྦྱིན་པོ་ཡིན་པས་འདིའི་མངའ་འབངས་ཞབས་སུ་ཆུག་པ་ཞིག་བྱུང་ན་བསམ་པ་གང་བ་ཙམ་དང། ཁྱད་པར་སྐུ་གཞོན་པ་འདི་འབྲས་ངན་པོ་འདྲ་ཞིག་གིས་ཡིད་ལ་མི་འབྲལ་བར་བཅགས་པ་རང་ཅིག་ཡོང་གི་འདུག་པས་འདི་ཡང་སྐུ་བགྲེས་པ་དང་སྙོམས་པ་ཙམ་ཞིག་ཡིན་ན་བསམ་པ་ཙམ་དུ་འདུག། ལར་ཐུགས་ཀྱི་ལྷག་མ་ཅུང་ཟད་ཙམ་ཆོས་ཀྱི་ཕྱོགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་དང། འཇིག་རྟེན་ཕྱོགས་ནས་ཏ་སི་བྱང་ཆུབ་རྒྱལ་མཚན་ལའང་ལུས་འདུག་པ་དེ་ཙམ་ཡོང་བའང་ཡིན་ཐང་ཕེབས་པ་ལ། བདག་ཅག་གིས་བཀུ་ཀུ་རེའི་ཚུལ་དུ། ཡང་དག་པ་ར་རྫོགས་པའི་སངས་རྒྱས་རང་ལ་