R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༠ན-༤༨༩
[A:༡༥༠ན-༤༨༩] ༄༅། །རྣམས་ཀྱི་ནང་ན། ས་དཀར་རྙིང་གསུམ་སོགས་ཀྱི་གྲུབ་ཐོབ་གང་མང་བ་འདུག་ལགས་ཞུས་པས། ས་སྐྱ་པའི་མང་པོ་འདུག། དཀར་བརྒྱུད་པའིི་མང་པོ་ཡང་བྱོན་འདུག་གསུང། ས་སྐྱ་པའི་རྗེ་ས་པཎ་དང་འཕགས་པ་རིན་པོ་ཆེ་ལ་སོགས་པ་བྱོན་འདུག་གམ་ཞུས་པ་ན། དེ་གཉིས་མ་བྱོན། རྗེ་བཙུན་སྐུ་མཆེད་གསུམ་ལ་སོགས་པ་མང་པོ་བྱོན་འདུག དཀར་བརྒྱུད་པའི་མར་པའང་བྱོན་འདུག། གཞན་ཡང་མ་པོ་བྱོན་འདུག་གསུང། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་བྱོན་འདུག་ལགས་སམ་ཞུས་པས། ཀུན་མཁྱེན་ཆེན་པོ་མ་བྱོན་པ་འདུག་གོ་ཨང་གསུང་ངོ། དེ་ལ་ཀུ་རེ་ཞུས་ཏེ། ཀུན་མཁྱེན་ཆེན་པོ་ངོ་ལོག་བཞིན་གནང་བ་ནི་ཡིན་ནམ་ཞུས་པ་ན། དེ་མི་གནང་མི་གནང། ཁོང་གིས་ང་མི་བསླུ་གསུངས། གཞན་ཡང་རྒྱ་གར་གྱི་གྲུབ་ཆེན་དཔལ་མགོན་ཀླུ་སྒྲུབ། ཏིལླི་ཏིལློ་ནཱ་རོ་སོགས་བསམ་གྱིས་མི་ཁྱབ་པ་དང་། བོད་ཀྱི་ཡང་ཁྱུང་པོ་རྣལ་འབྱོར་སོགས་མང་པོ་བྱོན་གསུང། དེ་ནུབ་ནས་ཆར་ཡང་ཤིན་ཏུ་ཆེ་བ་བབ་ཅིང། རྗེ་ཉིད་ཀྱང་གཞན་སྣང་དུ་བསྙུན་པའི་ཚུལ་ཆེས་ཆེར་དྲག་པ་ལྟ་བུའི་ཚུལ་སྟོན་པ་ལ། ཉེ་འཁོར་བ་བྱིན་གྱིས་བློ་མཐུན་གཅིག་ལྟ་བུར་གྱུར་བ་ལ། གོང་གི་བཀའ་གནང། འཇིག་རྟེན་དུ་ཆར་འབབ་དགོས་པ་དང་མཐུན་པར། ཆར་ཆེན་པོ་འི་རྒྱུན་འབབ་ཚུལ་དང། སྐུ་སྙུན་པའི་ཚུལ་དྲག་