R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༠བ-༤༩༠
[A:༡༥༠བ-༤༩༠] ཏུ་འགྲོ་བ་སོགས་ཀྱི་སྣང་ཚུལ་གྱིས། ད་དེ་ཕལ་ཆེར་རིང་པོ་མི་ཐོགས་པར་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་འགྱུར་རོ་སྙམ་པའི་ཐེ་ཚོམ་གྱི་ཁྱོགས་ལ་འཆང་བའི་གཏམ་རིམ་པས་རྒྱུད་དེ། མིའི་དབང་མོ་ཡུམ་སྲས་དང་བཅས་པའི་སྙན་དབང་དུ་སོན་པ་ལས། ཉེར་ལྔའི་ཉིན་བྱམས་པ་གླིང་ནས་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བསོད་ནམས་རྒྱལ་པོའི་ཞབས་ཕྱི་དབོན་པོ་ལགས་ཀྱིས་མཛད། དཔོན་བློན་གཉིས་ཀྱི་རྗེའི་ཞབས་དྲུང་དུ་སྐུ་ཁམས་ཀྱི་སྣང་ཚུལ་ཞུ་བ་དང་ལྷན་ཅིག་པར་མཇལ་དུ་ཕེབས། དེའི་ཉིན་དཔོན་བློན་གཉིས་ཀྱི་དབུགས་དབྱུང་བའི་ཚུལ་གྱིས་སྐུ་ཁམས་ཀྱང་བླ་ལྷག་ཏུ་བདེ་བ་ནས། གསོལ་ཇ་སྦྱོར་བཞིའི་བར་དུ་ལུགས་གཉིས་ལས་བརྩམས་པའི་ཞལ་གདམས་མང་པོ་གནང། ཁྱད་པར་དཔོན་བློན་ཐེགས་ཁར། མི་དབང་ཆེན་པོའི་དྲུང་དུ། གཙོ་བོར་བསྟན་པའི་འཛིན་སྐྱོང། སྡེ་སྲིད་ཀྱི་ཞབས་འདེགས། ཡུམ་ལ་གུས་པ། གཅུང་ལ་རྩེ་བ། མངའ་འབངས་སུ་གཏོགས་པ་མཐའ་དག་བྱམས་པས་སྐྱོང་བ་སོགས་འདི་དང་འདི་ལྟ་བུ་དགོས་སོ་ཞེས་སྙན་བསྐུལ་རྒྱས་པར་གནང། འོན་ཀྱང་དགོངས་པ་ཚོ་ལ་རྒན་པོ་འདི་དོ་ནུབ་སང་རྒོངས་ཀྱི་མི་ཡིན་ནམ་སྙམ་ན་ཞག་བར་དུ་སྡོད་པས་ད་དུང་མཇལ་བ་བྱེད་པ་ཡིན་ནོ་ཕེབས་པ་ལ། མི་དབང་ཆེན་པོས་ཞག་བར་བཀའ་ཕེབས་ན་མི་ཡོང་བས་དགུང་