R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༢བ-༤༩༤
[A:༡༥༢བ-༤༩༤] ཐིམ་པའི་ཚུལ་བསྟན་ཞེས་ཀྱང་གྲགས་སོ། དེ་ན་སྡེ་པ་ཞལ་ངོ་རྣམས་ཀྱང་དཔལ་བྱམས་པ་གླིང་གི་སྨོན་ལམ་ཆེན་མོ་གྲོལ། ཧོར་ཟླ་དྲུག་པའི་ཚེ་གཉིས་ལ་རྒྱལ་པོའི་ཕོ་བྲང་དུ་ཕྱག་ཕེབས་ཚེས་གསུམ་གྱི་ཉིན། རྗེ་འདི་ཉིད་ཀྱི་ཐུགས་ཀྱི་སྲས་དགེ་གཉེན་རྡོ་རྗེ་འཛིན་པ་ལྷ་དབང་པས་ཞབས་དྲུང་མཇལ་དུ་ཕེབས། དེའི་ཚེ་མཇལ་མ་ཐག་ཏུ། གྲ་ཐང་ནས་རྗེ་རིན་པོ་ཆེའི་དྲུང་གི་སྐུ་ཁམས་ཅི་འདྲ་ཡོད་པ་འདུག་བཀའ་གནང་བ་ན། སྐུ་ཁམས་ཤིན་ཏུ་དྭངས་པ་དང་གསོལ་བ་སོགས་ཀྱང་ཤིན་ཏུ་བཟང་པ་ཡོད་འདུག་ཞུས་པའི་ཚེ། དོན་དེ་ཉིད་ལས་བརྩམས་པའི་ཞུ་ལན་ཅི་ཡང་མི་གནང་བར། འོ་ན་ཁོ་བོ་ཡང་རྗེ་རིན་པོ་ཆེའི་ཕྱག་ཕྱིར་མྱུར་དུ་འགྲོ་བ་འདུག་གོ་ཨང་གསུང། གཞན་ཡང་དེ་ཉིན། བདག་འབོད་མི་མང་པོ་འདུག་གསུང་བ་ལ། ཇི་ལྟར་འདུག་ལགས་ཞུས་པའི་ཚེ། བུད་མེད་རྒྱན་འཆོར་པོ་བྱས་པ་ལག་ན་མདའ་དར་དང་དར་ལམ་སོགས་ཁྱེར་བ་མང་པོ་འདུག། སྐྱེས་པ་རྒྱན་གྱིས་མཛེས་པ་དྲིལ་བུ་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་པ་མང་པོ་འདུག། འདི་དག་གིས་སྔར་དར་ལུང་དུ་སྡོད་པའི་དུས་ཀྱང་ཡོང་དགོས་པའི་རྣ་རྩེར་མང་པོ་བཏང། དེ་རིང་ནང་པས་ཁོང་རྣམས་ལ་ཇ་དེ་སྦྱིན་ལ་ལོག་གསུང་བ་གྱིས། ལར་ཁོང་ཚོའི་རེ་བ་ཡང་མྱུར་དུ་སྐོང་དགོས་པ་ཡིན་གསུང། དེ་ཉིད་ནས་