[A:༡༥༣ན-༤༩༥] ༄༅། །གཟུང་ཏེ་མྱ་ངན་ལས་འདའ་བའི་ཚུལ་མ་བསྟན་བར་དུ་ནང་ནུབ་ཐམས་ཅད་དུ་དུས་འཁོར་གཉིས་ལ་མཆོད་པ་ཕུལ། རང་རེ་རྣམས་འདི་དང་འདི་ལྟ་བུ་གྱིས་ཞེས་གསུང་བའི་བཀའ་འབབ་ཞིག་གིས་དུས་འདའ་བས་སྐབས་འགའ་ཞིག་གི་ཚེ། དུས་འཁོར་གཉིས་པོ་དེ་ཇི་ལྟ་བུ་ཞིག་ཡིན། སྐུ་མདོག་དང། ཞལ་ཕྱག། མཚོན་ཆ་ལ་སོགས་ལ་ཁྱད་པར་ཇི་ལྟ་བུ་ཡོད་ཞུས་པ་ན། ཇོ་ནང་པ་དང། ཞ་ལུ་བའི་དུས་འཁོར་གཉིས་ཡིན། སྐུ་མདོག་དང། ཞལ་ཕྱག ཕྱག་མཚན་སོགས་ལ་ཁྱད་པར་ཅི་ཡང་མེད། གཉིས་ཀ་དཔའ་བོ་གཅིག་པ་ཡིན། འོན་ཀྱང་ཇོ་ནང་པའི་དུས་འཁོར་དེ་བྱང་ཕྱོགས་ཀྱི་གཡས་དེ་ན་བཞུགས་པས་གྲལ་དེ་ཅུང་མཐོ། སྐུ་བོངས་ཀྱང་ཅུང་ཟད་ཆེ། དེ་ཙམ་ལས་གཞན་ཁྱད་པར་ཅི་ཡང་མེད་གསུང། རྣམ་པར་ཐར་པ་འདི་ཉིད་ལ་བསམས་ན། རྗེ་འདི་གཉིས་ཀའང་དར་ཅིག་ཤམྦྷ་ལའི་ཞིང་དུ་ཐེགས་པ་གདོན་མི་ཟ་བ་ཁོ་ནའོ་སྙམ་དུ་སེམས་པར་གྱུར། གཞན་ཡང་དུས་འཁོར་གཉིས་མ་གཏོགས་པའི་ཡི་དམ་གང་འདྲ་དང་མཇལ་བའི་ཐུགས་ཉམས་འཆར་གྱིན་གདའ་ཞུས་པ་ན། རྒྱུད་སྡེ་བཞིའི་ལྷ་ཚོགས་ལ་འདི་འབྱོན་དང་འདི་མི་འབྱོན་བྱ་བ་མི་འདུག། གྲངས་མེད་པའི་སྣང་བ་འཆར་གྱི་འདུག་པས་བཤད་པས་ཅི་ལང། ད་ལྟ་རང་ཡང་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་ནམ་མཁའ་གང་འདུག། ད་ང་ནི་ལྷས་སུན་པ་ཙམ་འདུག་གསུང་