[A:༡༥༣བ-༤༩༦] ཡང་སྐབས་འགར་དེ་རིང་ཚེས་དུས་ཡིན་ཞེས་ཡང་ཡང་ཕེབས་པ་ན། བདག་ཅག་རྣམས་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཡིན་པ་དང། རྗེ་ཉིད་ཀྱི་མཁན་པོ་རིན་པོ་ཆེའི་ཟླ་བའི་དུས་ཆེན་ཡང་ཡིན་པས་དེ་ཉིད་ལ་མྱ་ངན་ལསའདའ་བའི་དགོངས་པ་གཏམ་པ་ཡིན་ནམ་སྙམ་པའི་ཐེ་ཚོམ་དུ་གྱུར་ནས། ཚེས་གྲངས་རྣམས་འཆོལ་བར་ཞུས་པ་ན། ཚེས་བཞིའི་ནམ་སེང་གི་དུས། ད་རིང་ཚེས་དུ་ཡིན་གསུང་བ་ཕེབས། དེའི་ཚེ་དྲུང་ནམ་རྒྱལ་པས་ཅི་གནང་བ་ཡིན་ལགས། དེ་རིང་ཚེས་དྲུག་ཡིན་ཞུས་པས། དེ་འདྲ་ཡིན་ན། ཡང་ན་ངའི་ཚེས་གྲངས་དེ་འཆུགས་འདུག། ཡང་ན་ཁྱེད་ཚོའི་ཚེས་གྲངས་དེ་འཆུགས་འདུག། ངའི་ལུགས་ཀྱི་སྤྱི་འགྲོས་པ་ལྟར་གྱི་ཚེས་བཞིའི་དུས་ཆེན་ཡིན། ད་ནང་ཐོ་རངས་རིན་པོ་ཆེ་རབ་འབྱོར་བ་ཡང་ཕེབས་ནས་ཞལ་གདམས་མང་པོ་གནང་གི་འདུག། ངས་ན་ནིང་ནས་འཆི་ཁར་ཁོང་དང་དངོས་སུ་མཇལ་བ་འདུག་བྱས་པ་བཞིན་དོན་དུ་ཁེལ་བྱུང། ད་ཁྱེད་རང་རྣམས་མཆོད་པ་རྒྱས་པ་བཤམས། དུས་འཁོར་གྱི་ཆོ་ག་ཅིག་ཀྱང་བྱེད་པ་ཡིན། ཁྱེད་ཚོའི་བསམ་པ་ལ་ང་ཚོས་གྲངས་འདྲི་བ་དེ་དེ་རིང་འཆི་ཚམས་ལ་འདྲི་བ་ཡིན་སྙམ་པའི་དོགས་པ་ཤར་འདུག་ཏེ། དེ་འདྲ་མིན། ཞག་ཁ་ཤས་ཅིག་སྡོད་པ་བྱེད་གསུང་ཞིང། དེ་ཉིན་དུས་ཀྱི་འཁོར་ལོའི་བདག་མདུན་རྒྱས་པ་དབང་དང་བཅས་པ་དང། སྐབས་སྐབས་སུ་ཆོ་གའི་བྱེད་ལུགས་འདི་དང་འདི་