[A:༡༥༤ན-༤༩༧] ༄༅། །འདྲ་བ་དགོས་པ་ཡིན་གསུང་བཤད་པའང་རྒྱས་པ་གནང། ཡང་ཚེས་ལྔའི་ཐོ་རངས་ངེད་ཀྱི་སྔས་མགོ་ན་སྔར་མཐོང་མ་མྱོང་བའི་རིན་པོ་ཆེའི་སྐས་གསར་བ་ལག་འཇུ་བཞི་ཡོད་པ་ཤིན་ཏུ་རིང་པ་ཞིག་བཙུགས་འདུག་གསུང་བ་དང། ཡང་། ཚེས་དྲུག་གི་ཞོགས་ཉི་ཤར་ཙམ་ལ་མཆོད་པ་རྒྱས་པ་བཤོམས་ཤིག། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཕེབས་འདུག། ཀུན་མཁྱེན་ཆེན་པོའི་གཟི་བརྗིད་ལ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དེ་འདི་འདྲ་ཅིག་རང་ཡོད་བསམ་པ་ཡོད་གསུང་ཞིང། མཆོད་པ་དང་གུས་པའི་ཚུལ་མང་པོ་མཛད། ཡང་ཚེས་བདུན་གྱི་ཐོ་རངས་རྗེའི་ཞལ་ནས། དྲུང་ནམ་རྒྱམ་པ་ཞེས་ལན་འགའ་འབོད་པར་མཛད་ཅིང། འཇའ་ཚོན་སྣ་ལྔའི་སྡོང་པོའི་རྩེ་ལ་རྣལ་འབྱོར་དབང་ཕྱུག་དམ་ཚིག་གླེགས་བམ་ཤིན་ཏུ་མཐོ་བ་དང་ན་བཟའ་ཨྒིངབཞེས་པ་རྒྱུས་པའི་རྒྱན་དྲུག་གི་བརྒྱན་པ་སྐུ་གཟི་བརྗིད་འབར་བ་ཞིག་ཕེབས་འདུག་པ་ཁྱེད་རྣམས་ཀྱིས་ཨེ་མཐོང་བ་འདུག་ལྟོས་དང། ངེད་ཀྱིས་གོང་དཀར་ཆོས་སྡེའི་ཀ་བཞི་མར་ལམ་འབྲས་ཞུས་དུས་ལན་གཅིག་མཇལ་བ་དང། ད་རེས་དང་བཅས་པ་ལན་གཉིས་མཇལ་གསུང་ཞིང། དེ་ནས་ཚུལ་ཁྲིམས་རབ་བརྟན་གསུང། ཁོང་འང་འབོད་པ་མཛད་ནས། ལྐུག་ལྐུགས་པ་ཁྱོད་རང་ཞག་བར་ལ་ཆར་པ་བྱུང་དོགས་མི་དགོས། སང་ནས་ནམ་མཁའ་ལ་ལྟད་མོ་ཆེན་པོ་ཡོང་བ་ཡིན་པས་དར་ཅིག་ཁྱེད་