R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༥ན-༤༩༩
[A:༡༥༥ན-༤༩༩] ༄༅། །ཁྱེད་རྣམས་ལ་སེམས་ལ་ངལ་བ་ཡོང་བ་བདེན་ན་ཡང། རྐང་པ་འཆག་ཐུག་པ་འདི་རྒྱུན་གྱི་གོམས་སྟོབས་སུ་འདུག། ལུས་ཟོ་མདོག་བཟང་བ་ཙམ་ཡང། ངེད་རང་སྐྱེས་བུ་དམ་པར་ཁས་ལེན་པ་དཀའ་སྟེ། གཞན་ལ་སྐྱེས་བུ་དམ་པ་རྣམས་ཀྱི་མདངས་དཀར་ཕྱོགས་ལ་དགའ་བའི་ལྷས་སྤེལ་བས་ངེས་པ་ཆེར་མི་ཡོང་བ་ཡིན་གསུང། ཡང་ཚེས་བཅུ་གཅིག་གི་ཉིན་ཆོས་རྗེ་ལུང་རིགས་པས་ཞབས་དྲུང་མཇལ་དུ་ཕེབས་ཏེ། ཤོད་ཀྱི་གསོལ་ཇ་ཁང་དུ་བྱོན་མ་ཐག་རྒྱུ་མཚན་འབུལ་མི་སུ་ཡང་མ་བྱུང་བ་ལ། དབོན་པོ་ལུང་རིགས་ཤོད་ན་སླེབ་འདུག། ཁོང་ཡར་ཐོང་གསུང། དེ་མ་ཐག་སྐུ་མདུན་དུ་བྱོན་པའི་ཚེ། འོ་མ་ལྷུན་པོའི་ཁང་ལས་རྣམས་ལེགས་པར་གྲུབ་བམ་གསུང། དེའི་ཞུ་ལན་དུ། འཕྲོ་མ་ཤིང་རྩི་ཞལ་བ་སོགས་གྲུབ་པའི་ལུགས་ཡིན་ཞུས་པའི་ཚེ། དེ་ཀ་ལེགས། སྤྲོ་བའི་དཔེ་ཐུབ་པ་ཞིག་བྱུང་འདུག་ཕེབས་པ་ལ། བདག་གིས་ཞབས་དྲུང་ནས་ཀྱི་ཁང་ལས་རྣམས་སྨིན་གྲུབ་ཚར་ནས་ཐེགས་བཞུགས་ནི་མ་གནང། འདི་ནས་སྤྲོ་མི་སྤྲོ་དགོངས་ལགས་སམ་ཞུས་པའི་ཚེ། དེ་འདྲ་ཁྱོད་རང་རྣམས་ང་ལ་མཐོང་ཆུང་པས་ལན་མོད། གཞན་མ་དེ་ཙམ་ལོས་རྟོགས་གསུང། ཡང་ཆོས་རྗེ་ལུང་རིགས་པས་སྐུ་ཁམས་འདི་དངས་འཕྲལ་ལ། སྐུ་མདུན་དབོན་པོ་ལགས་ཀྱི་དགོངས་པ་ལ་དགོན་པར་སྤྱན་འདྲེན་ཞུས་ནས་ཕྱག་ནས་ཞུ་བ་དང་སྒོ་བསྟུན་ཏེ་