R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༥བ-༥༠༠
[A:༡༥༥བ-༥༠༠] ཟླ་བ་གཉིས་གསུམ་ཅིག་སྐུ་མཚམས་མུས་ཀྱི་ཞབས་ཏོག་ཞུ་བའི་དགོངས་པ་འདུག་ལགས་ཞུས་པ་ན། དབོན་པོ་ལུང་རིགས། ཆུ་མིག་ཁ་གནས་སྐྱིད། ཆུ་བཟང། དཔོན་མོ་བསོད་དབང་པས་ངེད་རང་ལ་ཞབས་ཏོག་བཟང་པོ་བྱེད་པ་ཡིན་ཏེ། འོན་ཀྱང་ང་ལེན་པའི་།།།།ཀྱིས་ཆུ་མིག་ཁའི་འགྲོ་འདུག་དེ་ཐུགས་ཐག་ཆོད་འདུག་ཕེབས་པས། བདག་གིས་དེ་ལྟར་ན་འདི་ཁ་ནས་ཕྱག་ནས་འཐོར་བ་ཞིག་གནང་ན་ཇི་ལྟར་ཡོང་ན་ཞུས་པའི་ཚེ། དེ་ཅིས་ཀྱང་ལེགས། ཐག་ཉེ་རིང་ལ་ཁྱད་པར་ཅི་ཡོད་མེ་ཏོག་ལོང་ཤོག་གསུང། དེ་ནས་དེ་མ་ཐག་མེ་ཏོག་ཕྱག་ཏུ་ཕུལ་ཏེ་འཐོར་བ་ན། སྐུ་མདུན་གྱི་ཉེ་འཁོར་གྱི་ས་དེ་དག་ཏུ་མེ་ཏོག་རྣམས་བྲུལབར་མ་གྱུར་བས་ཐམས་ཅད་ཐེ་ཚོམ་དུ་གྱུར་བའི་ཚེ། རྗེའི་ཞལ་ནས་ཁྱེད་རང་རྣམས་ཡིད་གཉིས་སུ་མ་བྱེད་ཅིག། མེ་ཏོག་གིས་ཆུ་མིག་ཁའི་ནང་ན་སླེབ་ཡོད་རབ་གནས་ལེགས་བྱུང་གསུང་བ་ལ། ཞབས་དྲུང་ན་འཁོད་པ་རྣམས་ཀྱིས་དེ་ལྟ་བུ་དོན་ལ་བདེན་ལགས་སམ། རྒྱུུ་མཚན་ཇི་ལྟ་བུ་ལགས་ཞུས་པའི་ཚེ། ཁོང་གིས་མདུན་འདུན་པ་གཏད། ངེད་ཀྱི་སྨོན་ལམ་བྱས་པ་དེ་ལྟར་འོང་བ་ཡིན། ཁྱེད་རང་རྣམས་ལྟོས་ཤོག་གསུང་པས། དེ་མ་ཐག་དོ་གལ་གྱིས་བལྟས་དུས། ཆུ་མིག་ཁའི་མདོ་ཕུགས་ཐམས་ཅད་དུ་ཕྱག་ནས་ཀྱིས་སླེབས་པ་མཐུན་གྲུབ་དུ་བྱུང་བས་དེ་ལྟ་བུའི་རྣམ་པར་ཐར་པ་མཐོང་པ་དང་ཐོས་པའི་སྐྱེ་བོ་མ་ལུས་པ་དད་པའི་སྤུ་ལོང་གཡོས་