R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༦ན-༥༠༡
[A:༡༥༦ན-༥༠༡] ༄༅། །ཤིང་ངོ་མཚར་གྱི་དགའ་སྟོན་ཆེན་པོའི་དཔལ་ལ་སྤྱོད་པར་གྱུར་ལ། དེ་ཉིད་ནི་ས་འཐོན་མཐོན་པོ་ལ་བཞུགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྨད་དུ་བྱུང་བ་དེ་ཁོ་ན་ཉིད་དོ། །དེ་ནས་ཚེས་བཅུ་གཅིག་གྱི་ཐོ་རངས་ནམ་ལྡང་བ་ལ་ཉེ་བའི་ཚེ། བདག་ཅག་རྣམས་ལ་སྡེ་པ་ཕེབས་བྱོན་ལོངས། ངེད་ཀྱི་སྔས་འདི་ཡང་ཁ་སང་ནང་བཞིན་ནུབ་ཕྱོགས་ལ་བཏོད། དགོངས་འཚོམས་འཁྲུངས་ཡོང་བ་ཡིན་གསུང་བ་ལ། དར་ཅིག་ཐུགས་དམ་ལ་བཞུགས་པ་སྐུ་དྲིན་སྐྱོང་བ་ཞུ། སྡེ་པ་རིན་པོ་ཆེ་ཡང་ཕེབས་པ་མི་འཆར་ཞིང། གལ་ཏེ་ཕེབས་པ་ཤར་ན་ཉི་མ་ཤར་ནས་ཕེབས་པ་ཙམ་ལས་མི་ཡོང་ཞུས་པས། འོན་ཁྱེད་རང་རྣམས་ཉོལ་ལ་སྡོད། ངེད་སྡེ་པ་ཕེབས་བྱོན་པས་ལྡང་བ་ཡིན་གསུང་བཞེངས་གྲབས་འདུག་པའི་ཚེ། ཐམས་ཅད་ཀྱིས་སྟབ་སྟོབ་པོར་ལངས་ཏེ་བཞེངས་པའི་ཞབས་འབྲིང་གྱིས་ཏེ་བཞུགས་གདན་བསྒྱུར་བ་ལ། རྗེ་ཉིད་བཞུགས་ཟིན་མ་ཐག་ཏུ་མི་དབང་ཆེན་པོའི་ཞབས་ཕྱི་དཔོན་པོ་ཚེ་རྣམ་པས་གནང་ཏེ་སྒོ་དྲུང་དུ་ཕེབས་ཏེ་ཆིབས་པའི་སྐད་བྱུང་བ་ན། ལོངས། སྡེ་པ་ཕེབས་བྱོན་བྱས་པ་ཨེེ་བྱོན། ད་ཤར་མར་འདི་ཁར་གདན་འདྲེན་ཞུས་ཕེབས་པ་བཞིན་འཕྲལ་དུ་ཞབས་དྲུང་དུ་སྤྱན་འདྲེན་ཞུས་པས་ཤིན་ཏུ་དགྱེས་པའི་ཚུལ་སྟོན་ཞིང། མཆོད་ཡོན་གཉིས་ཐད་ནས་བསྙུན་དྲི་བ་ལ་སོགས་ཚིག་གི་བཏང་རག་ལེགས་