[A:༢༣ན-༢༣༥] ༄༅། །བཞུགས་འདུག་པ། རྩོད་པ་ལ་བྱེས་པ་བྱིན་འཛེདབའི་ཚེ། མཁས་པའི་དབང་པོའི་གསུང་གིས། "ཇོ་སྟན་སྨོན་ལམ་པའི་རྩོད་ཡ། གྲ་ཚང་གཞན་མ་རྣམས་ན་ཕེར་བ་མི་འདུག་ཅིང། ངེད་རང་གི་ཁྲོད་ནས་ཀྱང་བརླིང་བ་ཞིག་དཀའ་བར་འདུག་པས། དེ་རིང་ཉིད་ཀྱིས་བཞེངས་དགོས་ཕེབས་པ། རྗེ་ཉིད་ཀྱིས། གཞན་མ་བཀའ་ཇི་ལྟར་ཕེབས་པ་བཞིན་སྒྲུབ་པ་ལས་འོས་ཅི་མཆིས། ངེད་རྣམ་གཉིས་ཀྱི་རྩོད་པ་འདི་ལས། སྤྱིར་གཞིས་བྱེས་དང་གྲུབ་མཐའ། ཁྱད་པར་གྲངས་ཡས་མར་སོགས་ཀྱི་ཕྱོགས་ཕྱོགས་ལ་འགྲོ་ཉེན་འདུག་པས་སྐབས་སུ་མི་བབས་པ་འདྲ"་ཞེས་ཞུས་ཀྱང་དགོས་པ་མ་གྲུབ་པར་ཚད་མ་ལ་བཞེངས། དེར་ཁོང་གིས་དམ་བཅའ་བ་རྣམས་ལ་བསྟན་བཅོས་རྩ་བ་དང་རྒྱ་འགྲེལ་ཕྱོགས་ཅིག་ཏུ་སྦྱར་ཞིང་རྩོད་པས། རྗེ་ཉིད་དཔལ་ལྡན་ཆོས་ཀྱི་གྲགས་པ་གཉིས་པ་ལྟ་བུར་གྱུར་ནས་རིག་པ་དང་ལུང་གི་ཚར་བཅད་པས། ཕྱི་རྒོལ་བའི་སྤོབས་པ་ནི་ཞུམ། རྔུལ་གྱིས་བཞིན་གྱི་དཀྱིལ་འཁོར་ནི་དག་པར་བྱས། ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱང་མིག་སྤངས་སྨད་པར་གྱུར་ཏོ།
།དེ་ནས་སྨོན་ལམ་གྲེལ་རྗེས། འབེ་འབོ་མཁར་དུ་ཕེབས། གོ་མལ་ཆོས་མཛད་པ་སྐུ་མཆེད་གཉིས་རྩེ་ཐང་སོགས་དབུས་གཙང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད་པར་བཞེད་དོན སྐུ་སྒྲེས་པས་བཅུ་དགུས་དམན་པའི་སྤོ་ཏི་ཉིས་བརྒྱའི་གྲྭ་སྐོར་སྦྲེལ། རྗེ་ཉིད་ཀྱིས་ཀྱང་སྐྱོར་གྲོགས་པའི་ཚུལ་དུ་ལྷན་པར་