R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢བ-༡༩༤
[A:༢བ-༡༩༤] ཤེས་ཆེན་པོར་རོ་གཅིག་པའི་དབང་གིས། རྒྱལ་བ་སྲས་དང་བཅས་པའི་རྣམ་པར་ཐར་བ་བཀླགས་པ་ཉིད་ཀྱི་རྗེས་སུ་དཔག་པ་ལས། རྗེ་འདིའི་རྣམ་པར་ཐར་བ་ཤེས་པར་བྱ་དགོས་པ་ལས་བདག་ཅག་ཚུར་རོལ་མཐོང་བའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་བློ་གྲོས་ཀྱིས་དཔྱད་པར་བྱ་བ་ལྟ་ཅི་སྨོས།
Contentsའོན་ཀྱང་ཞིང་འདིའི་གདུལ་བྱ་རྣམས་ལ་སྐལ་བ་དང་འཚམ་པའི་སྐུར་བསྟན་ཏེ་འགྲོ་བ་རྣམས་འདྲེན་པར་བཞེད་པས་གནས་དང། རིགས་དང་རུས་ལ་གཟིགས་ཏེ་ཡུམ་ལ་བལྟམས་ནས་གཞོན་ནུ་རོལ་ཆེད་མཛད་ཚུལ། ངེས་པར་འབྱུང་བའི་ཐུགས་ཀྱིས་རྨ་མེད་པར་དྲངས་པ་ལས་བསྟན་པ་རིན་པོ་ཆེ་ལ་རིམ་གྱིས་ཞུགས་ཚུལ། ལུང་དང་རིགས་པའི་བསྟན་བཅོས་ལ་འཇིགས་པ་མེད་པའི་ཡོངས་འཛིན་བསྟེན་ཏེ་ཐོས་བསམ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་བྱོན་ཚུལ། གྲུབ་པའི་དབང་པོ་དུ་མ་ལས་ཟབ་མོའི་གདམས་པ་གསན་ཏེ་གྲུབ་པ་མཆོག་གི་ས་བརྙེས་ཚུལ། རང་ཉིད་སྤངས་རྟོགས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་གྱུར་ནས་གྲངས་མེད་པའི་གདུལ་བྱ་རྗེས་སུ་གཟུང་ཚུལ། སླར་ཡང་རྟག་པར་འཛིན་པའི་འགྲོ་བའི་རྣམས་ཀྱི་ཞེན་ལྟ་བཟློག་པའི་སླད་དུ། སྐུའི་བཀོད་པ་རྣམ་པར་གྲོལ་བའི་ལུས་སུ་བསྡུས་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་མངོན་དུ་མཛད་དོ། །གཟུགས་ཀྱི་སྐུ་ཤམྦྷ་ལར་ཞིང་འཕོ་བའི་ཚུལ་ཏོ།།