[A:༣༥༢]བ་ཡན་ལག་དྲུག་པའི་མན་ངག་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོ་རྣམས་ཀྱི་ལུང༌། རྗེ་བླ་མ་དམ་པས་མཛད་པའི་ཁྲིད་ཡིག་གི་ཐོག་ནས་སླར་ཡང་ཁྲིད་དང་ལུང་དུས་འཁོར་ནས་བཤད་པའི་ལས་རྒྱས་པའི་ལྷ་གསུམ་གྱི་རྗེས་གནང་སོགས་ལམ་རྫོགས་པའི་མཐར། འོས་སུ་གྱུར་པ་རྣམས་ལ་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་རྫོགས་པར་བསྐུར་ནས་བསྟན་པ་སྤེལ་བའི་ནུས་ལྡན་དུ་མཛད། གཞན་ཡང༌། དུས་འཁོར་སྡོམ་ཆེན། དཔལ་མཁའ་འགྲོ་རྒྱ་མཚོ། སམ་བྷཱུ་ཊི། གུར་རིགས་བསྡུས། དྲག་པོ་གདན་ཅན། གསང་འདུས་འཇམ་པའི་རྡོ་རྗེ། དགྲ་ནག་ཞང་ལུགས། འཁོར་ལོ་ཆེན་པོ། འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔ་དང་འོད་ཟེར་ཅན་ལྷ་ལྔ་སོགས་ཟུར་བཀའ་མང་པོ། རྡོ་རྗེ་ཕྲེང་བ་དང་ཀྲི་ཡ་ས་མུཉྩ་བསྲེས་པའི་དཀྱིལ་འཁོར་ཞེ་ལྔའི་དབང༌། དེ་དག་གི་རྒྱ་གཞུང་རྣམས་ཀྱི་ལུང༌། གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུ་ཕལ་ཆེ་བའི་ལུང་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་ཞིང༌། དེ་དུས་དགྲ་ནག་གི་རྒྱུད་གནང་བར་དགོངས་ནས་ཆོས་གཏོར་བཤམས་པ་ལ། འབེལ་གཏམ་ཁོ་ན་ལ་ས་མ་སྲིབས་བར་ཡེངས་ནས་གསུང་ཆོས་མ་ཐུབ་པར་གྲྭ་པ་རྣམས་གྱེས་མ་ཐག །ཐོག་ཁར་བྱ་རོག་ཅིག་བབས་ཏེ་སྐད་འབྱིན་པ་ན། ལྟོགས་ལྷ་ལ་གསུང་ཆོས་གཏོར་བསྔོ་བར་མཛད་མ་ཐག་བྱ་རོག་དེ་འཕུར་སོང་སྟེ། རྗེ་ནཱ་རོ་པའི་ཚོགས་ལྷག་དུར་ཁྲོད་ཀྱི་མ་མོ་རྣམས་ཅེ་སྤྱང་གི་རྣམ་པས་ལན་དུ་འོང་བར་གྲགས་པ་དང་འདྲ་བར་སྣང༌། མདོར་ན་ཟབ་ལ་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོས་གདུལ་བྱ་རྣམས་ཀྱི་རྒྱུད་ཚིམ་པར་མཛད་དེ། འཁྲུལ་མེད་རྒྱུད་དང་འཕགས་ཡུལ་མཁས་པའི་སྲོལ། །སྲོལ་ལུགས་དུ་མའི་དབང་ལུང་བཤད་པའི་རྒྱུན། །རྒྱུན་ཆད་མེད་པར་འགྲོ་ལ་ལྷུག་པར་སྩོལ། །སྩོལ་མོད་མཚན་