[A:༣༧༥]བྱ་འདུལ་བའི་འདྲེན་པ་དེ། །ཆོས་དབྱིངས་གདོད་མའི་དབྱིངས་སུ་མྱ་ངན་འདས། །ཀྱི་ཧུད་གྲུ་ཆེན་ཞིག་པའི་ཚོང་པ་བཞིན། །མགོན་མེད་སྲིད་མཚོར་ལྷུང་བའི་ཉམ་ཐག་རྣམས། །བོར་ནས་གདོད་མའི་དབྱིངས་སུ་ངལ་བསོ་བ། །ཀྱེ་མ་ཧོ་ཐུགས་རྗེའི་དེད་དཔོན་གང་དུ་སོང༌། །ཆོས་རྒྱལ་དག་པའི་དབྱིངས་སུ་གཤེགས་གྱུར་པས། །གསུང་རབ་བློན་པོ་ཁྲོས་ནས་གསུང་མི་འབྱིན། །གདུལ་བྱའི་སྐྱེ་བོ་འདུལ་བའི་སྐྱོན་མེད་ཁྲིམས། །ལྗོངས་འདིར་ནུབ་པར་འགྱུར་ལ་ཐེ་ཚོམ་མེད། །ས་བཅུའི་དབང་པོས་བརྟེན་པའི་འཁྲུལ་མེད་ལམ། །ངེས་དོན་དུས་ཀྱི་འཁོར་ལོ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་ནས་ལྷུང་བའི་མཐུས། །གདུལ་བྱའི་རེ་བ་འགེངས་པའི་ནུས་པ་ཉམས། །དམ་པའི་ཉིན་བྱེད་ནུབ་རིར་སོན་མ་ཐག །སྐྱོན་མེད་བསྟན་པའི་ཕྱོགས་ཀུན་མུན་པར་སོང༌། །འགྲོ་བའི་བདེ་སྐྱིད་པདྨོ་ཁ་ཟུམ་ཞིང༌། །ནག་ཕྱོགས་འབྱུང་པོའི་བྱ་རྣམས་གད་མོ་འབྱིན། །ཀྱེ་ཧུད་གཏམ་ངན་འདི་འདྲ་མ་ཐོས་ལ། །བླ་མའི་ཞལ་བཟང་མིག་གིས་མཐོང་བཞིན་དུ། །འཆི་བའི་གནས་སྐབས་ཐོབ་པའི་སྐལ་མེད་བདག །གྲངས་མེད་སྡིག་པའི་འབྲས་བུས་སྨིན་པར་ངེས། །ཀྱི་ཧུད་འདི་འདྲའི་གནས་སྐབས་མཐོང་ན་ཡང༌། །དུམ་བུར་མི་གས་སྙིང་འདི་རྡོ་རྗེར་ངེས། །ད་དུང་ཟ་ཉལ་འཆག་པའི་བསམ་པ་ཅན། །མི་ལུས་དུད་འགྲོའི་སེམས་ལས་གཞན་ཅི་ཞིག །བདེ་བ་ཅན་དང་རིན་ཆེན་སྣང་བ་སོགས། །སྔོན་ཆད་བཞུགས་པའི་གནས་སུ་ཕྱིན་པ་ན། །བཞུགས་གདན་ཙམ་ཡང་སྣང་བར་མ་གྱུར་པས། །མྱ་ངན་མེ་ལྕེའི་བུད་ཤིང་ལྷག་པར་འཕེལ། །ཡུལ་ཕྱོགས་གཟི་ཉམས་ཕྱོགས་ཀུན་