[A:༣༧༦]སྟོང་པར་སོང༌། །སེམས་ཀྱང་མི་གནས་ལུས་ཀྱང་ཀྱི་བུང་བྱེད། །ཆོ་ངེའི་འོ་དོད་གནམ་དུ་བོས་ལགས་ཀྱིས། །སྐྱབས་མཆོག་བླ་མ་ཁྱེད་ཀྱིས་གསན་ལགས་སམ། །མྱ་ངན་མུན་པར་ཞུགས་པའི་སེམས་འདི་ལ། །ངོ་མཚར་སྒྱུ་འཕྲུལ་ཐམས་ཅད་སྡུག་བསྔལ་རྒྱུ། །ཁྱེད་ཀྱི་ཡོན་ཏན་དྲན་ཞིང་སྨྲེ་སྔགས་ཤོར། །ཡི་མུག་གསོལ་འདེབས་ཚིག་འདི་གསན་ལགས་སམ། །སྐྱབས་དང་བྲལ་བའི་སྡུག་བསྔལ་མེ་འབར་བཞིན། །མཆི་མའི་ཆུ་ཀླུང་གྲངས་མེད་ལྷུག་པར་ཤོར། །མྱ་ངན་ས་ལ་འགྲེ་ལྡོག་བྱེད་པའི་ལུས། །ཉམ་ཐག་མགོན་མེད་འདི་རྣམས་གཟིགས་ལགས་སམ། །སྐལ་མེད་བདག་ཅག་རྣམས་ཀྱི་གནས་སྐབས་འདི། །མཐོང་ན་དགྲ་ཡང་མིག་ནས་མཆི་མ་འཆོར། །ཐུགས་རྗེས་ལྷག་པར་ཕྱུག་པའི་མགོན་ཁྱོད་ཀྱིས། །བཏང་སྙོམས་ཡལ་བར་འདོར་བ་རིགས་ལགས་སམ། །མི་དགེའི་འབྲས་བུ་དུས་སུ་སྨིན་པའི་འབྲས། །བསོད་ནམས་བགོ་སྐལ་ཟད་པས་ནོངས་ལགས་མོད། །དེ་ལ་ཐུགས་རྗེ་ངེས་པར་མི་དགོངས་ན། །སྐྱོན་མེད་དམ་པ་རྣམས་ལ་སྐྱབས་ཅི་དགོས། །ཡབ་རྗེ་ཆོས་དབྱིངས་བདེ་ཆེན་ཞིང་དུ་བྱོན། །བུ་རུལ་ཐར་མེད་འཁོར་བའི་གནས་འདི་ལས། །བསམ་ཞིང་ཡི་མུག་ག་ཆད་སྙིང་རླུང་ལངས། །བཅོམ་ལྡན་མེད་དམ་སྐྱོབ་པའི་དུས་ལ་བབ། །མཚན་དཔེས་བརྒྱན་པའི་གཟུགས་སྐུ་དབྱིངས་སུ་བསྡུས། །ཟབ་རྒྱས་གསུང་དབྱངས་ཐོས་པའི་སྐལ་བ་མེད། །བྲིས་སྐུའི་རྟེན་ལ་བླ་མ་རེ་དགོས་པའི། །ལས་ངན་འདི་འདྲ་བདག་ལ་འཁུར་དགོས་བྱུང༌། །བསླུ་མེད་ཁྱེད་དང་བྲལ་ནས་མགོན་མེད་བདག །ཁྱེད་ཀྱི་རྣམ་ཐར་སྐྱོང་བར་བྱེད་ལགས་མོད། །རང་ཉིད་མ་ཐུལ་གདུལ་བྱ་ཇི་ལྟར་འདུལ། །བསམས་ཚེ་སྙིང་གི་གདུང་བ་རྒྱ་ཆེར་