[A:༦བ]ཡང་འཕགས་པ་རིན་པོ་ཆེའི་གཅུང། སློབ་དཔོན་ཡེ་ཤེས་འབྱུང་གནས་ལ། བཙུན་མོ་ཡུལ་བོ་དོང་མང་ཡུལ་ལ། མི་མ་གཅིག་ཁབ་སྨད་པ་ཆོས་རིན་སྐྱིད། ཡང་ཇོ་མོ་འབུམ་མེ་ཡང་ཟེར། དེ་ལ་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ། ཆུ་ཕོ་ཁྱིའི་ལོ་ལ་ཁབ་སྨད་དུ་སྐུ་འཁྲུངས། དགུང་ལོ་དྲུག་བཅུ་རེ་གསུམ་པ། ཤིང་ཕོ་བྱི་བའི་ལོ། བཞི་ཐོག་གཟིམས་ཁང་དུ་གཤེགས། བླ་མ་འདི་ལ་སྲས་ཇི་ལྟར་འཕེལ་བ་ནི། སྨན་ཚེར་བཞུགས་པའི་དུས། རྒྱ་མོ་ཕལ་པ་གཅིག། གོང་ནས་སྒྱོ་ཁ་ཡན་གྱི་ལུང་གནང་པའི་བཙུན་མོ་དྲུག་སྟེ། བཙུན་མོ་བདུན་ཁབ་ཏུ་བཞེས་པའི། བཙུན་མོ་དང་པོ་ལ་སྲས་གཅིག་འཁྲུངས། རིང་པོ་མ་ལོན་པར་གཤེགས། དེའི་གདུང་ལ་བཙན་དན་གྱི་མེ་མཆོད་ཕུལ་བས། རིང་བསྲེལ་གྱི་ཕྱུར་བུར་སོང་པ་གོང་མས་གཟིགས་པས་རྐྱེན་བྱས་ནས། བླ་མ་ཉིད་དབུས་གཙང་དུ་གདན་དྲངས། གུག་ཤྲིའི་མཚན་དང་ཤེལ་གྱི་དམ་ཁ་གནང། བཞི་ཐོག་ཏུ་འཕགས་པའི་གདན་སར་མངའ་གསོལ། དེ་རྗེས་སྒྱོ་ཁ་ཡན་གྱི་ལུང་གིས་ཕུད་པའི་བཙུན་མོ་དྲུག་གི་དང་པོ། གོང་མ་ཉིད་ཀྱི་ལྕམ་མོ། དཔོན་མོ་མུ་ར་གནང། དེ་ལ་སྲས་ཕོ་སའི་ལེན་དབང་བསོད་ནམས་བཟང་པོ་ལྕམ་སྲིང་འཁྲུངས། སྐུ་ན་གཞོན་ན་ལ། མདོ་ཁམས་སུ་གཤེགས་སྐད། བཙུན་མོ་གཉིས་པ་ཡུལ་མང་འཁར་སོག་དཔེ། མཚན་མ་གཅིག་ངང་མོ། དེ་