[A:༧ན]༄༅། །དཔོན་ཆེན་ཨག་གླེན་གྱིས་ཕུལ། དེ་ལ་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ས་མོ་ཕག་ལ། ལྷ་ཁང་བླ་བྲང་དུ་འཁྲུངས། དགུང་ལོ་བཞི་བཅུ་པ་མེ་མོ་ཡོས་ལ་ཕོ་བྲང་མེ་ཏོག་ར་བའི་སྡེ་ཆེན་པོར་གཤེགས། གཙུན་མོ་གསུམ་པ་ཡུལ་བླང་མཚོའི་ན་པེ་བ། མིང་མ་གཅིག་ནམ་མཁའ་རྒྱལ་མོ། དེ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ། མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ཤིང་མོ་སྦྲུལ་ལོ། གྲོམ་ལྷ་རྩེར་འཁྲུངས། དགུང་ལོ་སུམ་བཅུ་སོ་དགུ་ལ། ཆུ་མོ་ལུག་ལོ་ལ། ཟླ་བ་བརྒྱད་པའི་ཚེས་དགུའི་ཉིན། བཞི་ཐོག་བླ་བྲང་དུ་གཤེགས་སོ།། དེའི་གཅུང་ཆེ་བ་གཞོན་ནུ་ལ་གྲོངས། གཅུང་པོ་ཆུང་བ་གུག་ཤྲི་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། ཤིང་ཕོ་བྱི་བ་ལ་ས་སྐྱར་འཁྲུངས། དགུང་ལོ་ཉི་ཤུ་པ་ལུག་གི་ལོ་ལ་ཕོ་བྲང་མེ་ཏོག་ར་བར་གཤེགས། བཙུན་མོ་བཞི་པ། ཡུལ་ཤར་ལ་ཟུག་པ། ཏ་སྟེ་ར་ལུང་པ་གུག་ཤྲི་ནམ་མཁའ་རྒྱལ་མཚན་གྱི་ལྕམ་མོ། མིང་ཀུན་དགའ་ནམ་མཁའི་རྒྱན་ལ། སྲས་གཅིག་འཁྲུངས། གཅེན་བླ་མ་ཏི་ཤྲི་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། ཤར་ལ་ཟུག་ཏུ་འཁྲུངས། དགུང་ལོ་སུམ་བཅུ་པ་ལ་མེ་ཏོག་ར་བའི་སྡེ་ཆེན་པོར་གཤེགས། དེའི་གཅུང་བླ་མ་ཏི་ཤྲཱི་ཀུན་དགའ་