R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༨ན
[A:༨ན]༄༅། །པ་ལ་ཆུ་ཕོ་ཁྱི་ལ་ཕོ་བྲང་ཆེན་པོར་གཤེགས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལྕགས་པོ་ཁྱི་ལོ་འཁྲུངས། དགུང་ལོ་སོ་ལྔ་པ་ལ། རིན་ཆེན་སྒང་བླ་བྲང་གོང་དུ་གཤེགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཆུ་ཕོ་བྱི་བ་ལ་འཁྲུངས། དགུང་ལོ་བདུན་བཅུ་དོན་གཅིག་པ་ལ་བསམ་ཡས་སུ་གཤེགས། མདོར་ན་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ། སྲས་ཕོ་བཅོ་ལྔ་སྲས་མོ་གཉིས་ཏེ། ཁ་ཅིག་མ་གཅིག་ན་སེམས་ལ་སྲས་གསུམ་འདོད་པ་ལྟར་ན། སྲས་ཕོ་བཅོ་བརྒྱད་འཁྲུངས། སླར་ཡང་དེ་དག་ལས་ཇི་ལྟར་གྱེས་པ་ནི། སའི་ལེན་དབང་བསོད་ནམས་བཟང་པོ་དང། དཔོན་མོ་བུ་ལྷ་གན་ལ་སྲས་འཁྲུངས། རད་ན་བྷ་ཊ་ཤིང་ཕོ་བྱི་བའི་ལོ་མདོ་ཁམས་སུ་འཁྲུངས དགུང་ལོ་ཉི་ཤུ་རྩ་ལྔ་པ། ས་ཕོ་བྱི་ལོ་ལ་དེ་ཉིད་དུ་གཤེགས། སློན་དཔོན་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་ཏྲི་ཤྲིའི་མཚན་མ་གསོལ་ཞིང། ཆང་གུའི་གུང་གི་དུས། བཙུན་མོ་གཉིས་བཞེས་པ་ལ། དང་པོ་ཡུལ་ཏ་སྟེ་ཁ་ཆར་བ། མིང་མ་ཅིག་དཔལ་ལྡན་བཟང་མོ། དེ་ལ་གཅེན་ཆོས་ཀྱི་རྒྱལ་མཚན། བྱང་པའི་དཔོན་ཆེན་ནམ་མཁའ་གཏན་པ་དང་ཡུམ་གཅིག། ཆུ་ཕོ་སྤྲེའུའི་ལོ་གཡས་རུ་མ་རིངས་སུ་འཁྲུངས། གཉིས་པ་ཡུལ་ཏ་སྟེ་ར་ལུང་པ། མིང་མ་གཅིག་བསོད་ནམས་དཔལ། ཕ་མིང་