R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༧བ
[A:༧བ]རྒྱལ་མཚན་ལྕགས་ཕོ་ཁྱིའི་ལོ། ཤར་ལ་ཟུག་ཏུ་འཁྲུངས། དགུང་ལོ་བཞི་བཅུ་ཞེ་དགུ་པ་ལ། མེ་ཏོག་ར་བའི་སྡེ་ཆེན་པོར་གཤེགས། བླ་ཆེན་ཀུན་དགའ་རྒྱལ་མཚན་པའི་རྗེས་ལ། གཅུང་གཅིག་གཞོན་ནུ་ལ་གྲོངས་ཟེར། བཙུན་མོ་ལྔ་པའི་ཡུལ་རེ་མདའ་མ། མིང་ལྷ་གཅིག་ཉི་མ་རིན་ཆེན། ཕ་མིང་རེད་མདའི་བཙད་པོ། དེ་ལ་སྲས་གསུམ་འཁྲུངས་པའི་གཅེན། སློབ་དཔོན་རིན་པོ་ཆེ་ཉི་མ་དཔལ། དུས་མཆོད་བླ་བྲང་དུ་འཁྲུངས། གཞོན་ནུ་ལ་གཤེགས། བར་པ་ལྕམ་མོ་སློབ་དཔོན་མ་ཀུན་དགའ་འབུམ། ཁབ་སོ་བཀྲ་ཤིས་འཛོམས་སུ་འཁྲུངས། སེང་གེ་སྒང་བླ་བྲང་དུ་གཤེགས། གཅུང་སའི་ལེན་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་ས་ཕོ་སྤྲེལ་ལོ་རེད་མདར་འཁྲུངས། དགུང་ལོ་ཉི་ཤུ་རྩ་དགུ་པ་མེ་མོ་བྱི་ལོ་སྲེད་ཀྱི་ས་ཆ། ཀླུགས་སུ་གཤེགས། བཙུན་མོ་དྲུག་པའི་ཡུལ་ཞ་ལུ་བ། སྐུ་ཞང་མགོན་དཔལ་གྱི་སྲས་མོ། མིང་མ་གཅིག་གཞོན་ནུ་འབུམ། དེ་ལ་སྲས་མཆེད་བཞི་འཁྲུངས་པའི། གཅེན་ཏ་དབེན་གུག་ཤྲི་ཀུན་དགའ་ཉི་མ། དེ་འོག་འཇམ་དབྱངས་དོན་ཡོད་རྒྱལ་མཚན། དེ་འོག་བླ་མ་བསོད་ནམས་རྒྱལ་མཚན། ཆུང་ཤོས་གཞོན་ནུ་ལ་གཤེགས། མཆེད་བཞི་ཀའི་འཁྲུངས་ས་ཞལ་ལུ་ཁང་གསར། གཅེན་དགུང་ལོ་ཉི་ཤུ་རྩ་བརྒྱད་