[A:༣ན]༄༅། །གདམས་པ་མང་དུ་ཞུས་ཏེ་མཁས་པར་གྲགས་སོ།། འགའ་ཞིག་འཁོན་ཀླུའི་དབང་པོ་སྐུ་མཆེད་བཞི་བྱུང་པར་འདོད་དེ། ཆེ་བ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག། གསུམ་པ་ཀླུའི་དབང་པོ། བཞི་པ་ཚེ་འཛིན། དེའི་སྲས་རྡོ་རྗེ་རིན་ཆེན་ཡིན་ཟེར་ཏེ། འཁོན་གྱི་ཡིག་ཆ་རྙིང་པ་ན་མི་སྣང་ངོ།། འཁོན་རྡོ་རྗེ་རིན་པོ་ཆེས། འགྲོ་དགྲ་འདུལ་བུ་མོ། འགྲོ་གཡང་ལོན་ཁབ་ཏུ་བཞེས་པ་ལ། སྲས་འགྲོ་ཚ་སྤུན་བདུན་བྱུང་ངོ།། དེའི་དུས་འགྲོ་གཉན་རྩེའི་བསོན་ཤིད་ཀྱི་ལྟད་མོ་ཉི་མ་གསུམ་བྱས་པས། སྤུན་བདུན་པོ་དེས། ཉི་མ་སྔོན་མ་ལ་རྟ་དཀར་པོ་འབའ་ཞིག་གཞོན། བེར་དཀར་པོ་ཁོ་ན་གོན། ཉི་མ་གཉིས་པ་ལ། རྟ་དམར་བེར་དམར་དུ་བྱས། ཉི་མ་གསུམ་པ་ལ་རྟ་ནག་བེར་ནག་དུ་བྱས་ཏེ། ཚབས་འདྲན་བྱས་པས། ཁྲོམ་ཐོག་ཆོད་ར་བྱུང་པས། དེར་འགྲོའི་བསམ་པ་ལ། ཁོ་ལ་ཐོ་འཚམས་པར་གོ་ནས། རྨག་བསོགས་བྱས་ཏེ། འཁྲུག་པ་བྱེད་ཟེར་བྱུང་པ་ལ། གཅིག་པར་ཞང་པོ་ཡིན། གཉིས་པར་འགྲོགས་ཡུན་རིང་པོ་བྱས་པ་ཡིན་པས། འཁྲུགས་པ་མི་བགྱིད། རྒྱལ་ཁམས་ཡང་པོ་ལ་འབྱེར་ཆེད་མི་གདའ་གསུངས་ནས་སོ་སོར་གྱེས་སྐད། ཕུ་བོ་ཆེ་ཤོས་དེ་མར་ཡུལ་དུ་གཤེགས་པས། དེང་སང་མར་ཡུལ་ན་ཡང་འཁོན་མང་དུ་ཡོད། དེ་འོག་གར་མགོ་ཡུལ་འདུལ་དུ་གཤེགས་པས། དེ་ན། མཚོ། པར་ཚོ་གཉིས་པུ་