[A:༣བ]དེ་འོག་གཉལ་དུ་གཤེགས་ཏེ། གཉལ་ལོ་རོ་ན་ཡང། འཁོན་མང་དུ་ཡོད་དོ། དེ་འོག་ཉང་རོང་དང། ཤབ་ཏུ་སོང་སྟེ། ཉང་ཤབ་ཀྱི་འཁོན་རྣམས་ཡིན། དེ་འོག་གྲོམ་པ་གཡའ་ལུང་དུ་བྱོན་པ་ཡིན། ཐ་ཆུང་དང། ཡབ་ཡུལ་དུ་བཞུགས། འགྲོ་དང་འཁྲུག་པ་ཡང་བྱས། དེ་ལས་གྱེས་པ་གཉན་རྩེ་ར་ན་མ་འཁྲིས་སྡེ་གསུམ་དུ་གྲགས་པ་རྣམས་ཡིན། ཐ་དག་གྲོམ་པར་བྱོན་ཏེ། མཚན་ཤེས་རབ་ཡོན་ཏན། དེ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་འཁོན་ཡོན་ཏན་ཚུལ་ཁྲིམས་རྒྱལ་པོ་ཡིན། ཆུང་བ་ཁབ་སོ་རྟག་ཏོག་ཏུ་བྱོན། དེར་ཀྱང་འཁོན་ཅི་རིགས་པ་འཕེལ། དེ་ནས་གཡས་རུ་བྱང་དུ་གྱེས་པས་འཁོན་ཚའི་སྡེ་མང་དུ་ཡོད་དོ།། ཁ་ཅིག་ཤེས་རབ་ཡོན་ཏན་གྱི་སྲས། ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་མཚན་སྐུ་མཆེད་བྱུང་བར་བཞེད་དེ། ཡིག་ཆ་རྙིང་པ་ན་མི་སྣང། ཤེས་རབ་ཡོན་ཏན་གྱི་སྲས་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་འཁྲུངས་པའི་བར་པ་གདལ་ཚང་ཚང་དུ་བྱོན། ཆེ་ཆུང་གཡའ་ལུང་དུ་བཞག་པའི། ཆེ་བ་འཁོན་གཙུག་གཏོར་ཤེས་རབ། དེ་ལ་སྲས་བདུན་བྱུང་བ་དང། ཁུ་བོ་ཆུང་བ་དང་བཅས་པ་ལ་འཁོན་ཚོ་བརྒྱད་དུ་གྲགས་པ་གཡའ་ལུང་ན་ཡོད། སྲས་བདུན་པོའི་ཆེ་ཤོས་འཁོན་དགེ་སྐྱབས། དེ་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་ཡོད་པའི་ཆེ་བ་དགེ་མཐོང། ཆུང་བ་ལས་