R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༢བ
[A:༢བ]དེའི་སློབ་བུ། བོད་ཀྱི་བཙུན་པ་ལ་སྔ་བ་སད་མི་མི་བདུན་དུ་གྲགས་པ་ཡོད་པ་ལ། རྒན་གསུམ། གཞོན་གསུམ། བར་པ་གཅིག་དང་བདུན་གྱི། བར་པ། གླང་ཁམས་པ། སུ་ག་ཏ་ཝརྨ་རཀྵི་ཏ་ཞེས་བྱ་བ། བོད་སྐད་དུ་བདེ་བར་གཤེགས་པའི་གོ་ཆ་བསྲུང་བ་ཞེས་བྱའོ། དཀོན་པ་རྗེ་གུང་སྟག་འདི། བློ་ཆེ་ཞིང་འཇིག་རྟེན་གྱི་བྱ་བ་ལ་མཁས་པས། རྒྱལ་པའི་ནང་རྗེ་ཡུན་རིང་དུ་བྱས། དེའི་དུས་ན་འཁོན་དཔལ་པོ་ཆེ་ཞེས་བྱ་བར་ཡང་གྲགས་སོ། དེས་གླང་ཁམས་པ་ལོ་ཚ་བའི་ལྕམ་མོ། བླ་ས་ནེ་ཆུང་མ་བྱ་བ་ཁབ་ཏུ་བཞེས་པ་ལ། སྲས་གཉིས་བྱུང་པའི་ཆེ་བ་དེ། དབའ་ཡེ་ཤེས་དབང་པོ་དང། རང་གི་ཞང་པོའི་ཐད་དུ་རབ་ཏུ་བྱུང་སྟེ། འཁོན་ཀླུའི་དབང་པོ་བསྲུང་བ་ཞེས་བྱའོ། ཁ་གཅིག་མཁན་པོ་ནི་ཞི་བ་མཚོ་ཡིན་ལ། སློབ་དཔོན་རང་གི་ཞང་པོ་ཡིན་ཟེར་རོ།། གང་ལྟར་ཡང་ལོ་ཚ་བ་གཞོན་གསུམ་གྱི་ནང་ནས་ཐུགས་རབ་ཆེ་བ། འཁོན་ན་ག་ཨིཎྜ་རཀྵི་ཏ་ཞེས་བྱ་བ། སྔགས་དང་མཚན་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང། སློབ་དཔོན་པད་མ་འབྱུང་གནས་ལ་རྡོ་རྗེ་ཕུར་པ་དང། ཡང་དག་ལསྭ་པོ་མང་དུ་ཞུས་ནས་ཡེར་པའི་གནས་ཆེན་དུ་བསྒྲུབ་པ་མཛད་དེ། གྲུབ་པ་མཉེས་པས་ཕྱིན་ཆད་འཁོན་ལ་གྲགས་པ་ཆེན་པོ་བྱུང་པ་ཡིན་ནོ།། དེའི་གཅུང་རྡོ་རྗེ་རིན་ཆེན་སློབ་དཔོན་པད་མ་དང། རང་གི་གཅེན་ལ་དབང་དང་