R873: དཔལ་ལྡན་ས་སྐྱ་པའི་འཁོན་གྱི་གདུང་རབས།

  • Pagination (Witness A): ༤ན
[A:༤ན]༄༅། །ཤབ་སྟོད་ཀྱི་མི་རྣམས་གྱེས་པ་ཡིན་སྐད། དགེ་མཐོང་གི་སྲས་འཁོན་སྟོན་བལ་པོ། དེའི་སྲས་ཤཀྱ་བློ་གྲོས་ཡིན་ནོ།། གནམ་གྱི་ལྷ་ནས་གདུང་རབས་བཅུ་དྲུག་པ། འཁོན་དབར་སྐྱེས་ནས་གདུང་རབས་བཅུ་གཅིག་པ། གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས། ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང། རྡོ་རྗེ་ཕུར་པ་ལ་གྲུབ་པ་མཉེས་པ་གཅིག་བྱུང་ངོ།། གཅུང་བླ་མ་འཁོན་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། དགུང་ལོ་དྲུག་བཅུ་རེ་དགུ་པ། ཆུ་ཕོ་རྟའི་ལོ་དབྱུག་པའི་ཟླ་བའི་ཚེས་བཅུ་བཞི་ལ་བདེ་བར་གཤེགས། དགུང་ལོ་བཞི་བཅུ་བཞེས་པའི་ཆུ་མོ་གླང་གི་ལོ་ལ། དཔལ་ས་སྐྱའི་དགོན་པ་བཏབ། དེ་ལས་གདུང་རྒྱུད་རིམ་པར་བྱོན་པ་རྣམས་ལ། ས་སྐྱ་འཁོན་གྱི་གདུང་རྒྱུད་ཅེས་གྲགས་པ་ཡིན་ཏེ། བླ་མ་དཀོན་མཆོག་རྒྱལ་པོའི་བཙུན་མོ་གཉིས་བཞེས་པའི་ཆེན་མ་རྡོ་རྗེ་ཕྱུག་མོ་ལ་སྲས་མ་བྱུང་པར། ཆུན་མ་ཡུལ་ཁའུའི་མཁར་སྒོ་ལུང་པ། ཕ་མིང། ཞང་ཞུང་གུ་རབ། མིང་མ་གཅིག་ཞང་མོ། དེ་ལ་གྲུབ་ཐོབ་གནང་ཁའུ་བ་ཆེན་པོས་རྟེན་འབྲེལ་བསྒྲིགས་པས། སྲས་འཁོན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཁའུའི་འཁར་ལུང་དུ། ཆུ་ཕོ་སྤྲེའུའི་ལོ་ལ་སྐུ་འཁྲུངས། ས་ཕོ་སྟག་ག་ལོ། དབྱུག་གུའི་ཟླ་བའི་ཚེས་བཅུ་བཞི་ལ་གཡས་རུའི་སྐྱ་བོ་ཁ་དངས་སུ་གཤེགས། བླ་མ་དེ་ཉིད་ལ་བཙུན་མོ་གཉིས་