[A:༥ན] ༄༅། །རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཆུ་ཕོ་སྟག་གི་ལོ། ཁྲས་ཟླ་བའི་ཉེར་དྲུག་ལ་སྒོ་རུམ་སྤྱོད་ཡུལ་གྱི་ཕུག་ཏུ་སྐུ་འཁྲུངས། དགུང་ལོ་བདུན་བཅུ་ལ་ལྕགས་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས། ཧོར་ཡུལ་བྱང་ངོས་སྤྲུལ་པའི་ལྷ་ཁང་དུ་བདེ་བར་གཤེགས། བཙུན་མོ་ཆུང་བའི་ཡུལ། ཏ་སྟེའི་རོང་རྒྱུད་བཟང། ཕ་མིང་ཟངས་ཀྱི་ཇོ་སྲས། མིང་་་་་་་་དེ་ཁབ་ཏུ་བཞེས་པའི་སྲས། གཅུང་སློབ་དཔོན་བསོད་ནམས་རྒྱལ་མཚན། ཤིང་ཕོ་འབྲུག་གི་ལོ་གཡས་རུ་བྱང་གི་སྐྱ་བོ་ཁ་དངས་སུ་འཁྲུངས། དེ་ཇོ་སྲས་ཟངས་པའི་སྣག་ཚ་ཡིན་པས། ཟངས་ཚ་བསོད་ནམས་རྒྱལ་མཚན་དུ་གྲགས། དགུང་ལོ་ལྔ་བཅུ་ང་དྲུག་པ་ས་མོ་ཕག་གི་ལོ། གཡས་རུའི་མདོག་གི་དཔག་རིར་སྐུ་གཤེགས་སོ། ཡིག་ཆ་རྙིང་པ་རྣམས་ན་ཆོས་རྗེ་སྐུ་མཆེད་ཡུམ་གཅིག་པར་འདོད་པ་ནི་ནོར་རོ།། ཅུང་ཟངས་ཚས་བཙུན་མོ་ལྔ་ཁབ་ཏུ་བཞེས་པའི་དང་པོ་ནི། ཡུལ་འདོག་ཚ་སྣའི་འདབས། ཕ་མིང་ཟུར་ཁང་གི་བརྒྱ་ཚོ། ཞང་རྒྱལ་བ་དཔལ་མིང་མ་གཅིག་ཀུན་སྐྱིད། དེ་ལ་སྲས་གཅེན། འགྲོ་མགོན་འཕགས་པ་ཤིང་མོ་ལུག་གི་ཟླ་བ་གསུམ་པའི་ཚེས་དྲུག་ལ། གཡས་རུ་མ་རིངས་ཀྱི་རླུང་ཁུང་དུ་འཁྲུངས། དགུང་ལོ་བཞི་བཅུ་ཞེ་དྲུག་