R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 50a
[B:50a] དགོངས་ནས། རིངས་པར་བྲོས་པ་དང་དེ་རྣམས་ཀྱང་མྱུར་བར་བྱུང་བས་ནམ་[A:118]མཁའ་ལ་འཕུར་ཏེ་ལུང་པའི་གཞུང་དེ་ན་མར་ཕེབས་པས། སྒང་སྟོད་ཀྱི་ཐད་དེ་ན་མཁར་རིང་པོ་ཞིག་འདུག་པས་དེའི་ཁར་བབས་ནས་སྐུ་ངལ་གསོས་པས་དེའི་ཕ་ཟད་ན་གཡམ་པའི་སྒོ་ཡོད་པ་ཞིག་འདུག་ན་སུ་ཡོད་པ་ཡིན་གསུངས་པས། འདི་ན་སྲིད་པའི་རྒན་མོ་ཡོད་པ་ཡིན་ཟེར། རྟ་པ་དེ་རྣམས་ཀྱང་བདུད་ཡིན་པར་དགོངས་ཙ་ན་དེ་རྣམས་ཀྱང་མཁར་རྩ་དེར་སླེབ་བྱུང་ནས། འདི་ན་མར་སུ་སོང་འདྲི་ཞིང་འདུག་པས། འདི་རྣམས་ཀྱིས་བཤད་པའི་དཔེ་ཡོད་དགོངས་ནས་ཡང་འཕུར་ཏེ་ནམ་མཁའ་ལ་གཤེགས་ནས་ཀུན་དགའ་རའི་ཐད་ཀྱི་ནམ་མཁར་ཕེབས་པ་དང་ས་གཞི་ལ་བུད་མེད་ཀྱི་ཤོན་གྲ་ཅིག་བྱུང་། དེར་བྱད་ཀྱི་མཚན་མར་འདུག་པས་འདི་རྣམས་ཀྱི་ཁྲོད་དུ་མ་ལྷུང་བ་ཞིག་བྱའོ་དགོངས་ཙ་ན་འཕུར་སྟངས་ཟད་ནས་ཤོན་གྲ་དེའི་དཀྱིལ་དུ་ལྷུང་བྱུང་བས་བུད་མེད་གཅིག་གི་མགོ་ལ་ཕྱག་གིས་གཅེམས་པས་གླང་པའང་ཐི་ཐོར་ལ་སོང་བ་དང་ཤོན་གྲ་བ་ཐམས་ཅད་གར་སོང་ཆ་མེད་དུ་སོང་། དེ་རེས་ཀྱི་བར་ཆད་དེ་ཐོས་པས་བཟློག་པ་ཡིན་ཞེས་འཕྲོས་ཀྱི་གཏམ་རྒྱུད་ཀྱང་གསུང་། ཡང་དུས་གཞན་ན་ཞི་བྱེད་སོ་ལུགས་དོན་རྒྱུད་ཀྱི་གླེགས་བམ་ཞིག་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད། སྐབས་ཤིག་ཏུ་དེ་མ་རྙེད་པས་ཐུགས་ཁྲལ་ཆེན་པོའང་མཛད། དེ་ཅི་ལགས་ཞུས་པས་འདི་ལ་མཚན་མ་བཟང་པོ་བྱུང་བ་ཡིན་གསུང་། སླར་ཡང་ནན་གྱིས་ཞུས་པས་ནུབ་ཅིག་བྱང་ཕྱོགས་ཀྱི་ནམ་མཁའ་ལ། རྗེ་བཙུན་འཇམ་དབྱངས་སྤྲིན་གྱི་གསེབ་དུ་བྱོན་པ་ཅིག་རྨིས། དེའི་སད་དེ་འདི་སྟེར་བྱུང་ཞེས་གསུང་ངོ་། ལྷ་ཁང་སྟེང་སློབ་དཔོན་སྟོན་བློ་བ་ལོ་དུས་ཀྱི་འཛིན་གཏོར་བརྗེ་བ་ཡིན་པ་ལ། ལོ་ཅིག་གི་གཏོར་མ་གཤེགས་ནས་འཛུགས་རྒྱུ་དེ་གཞོང་པ་ཅིག་ན་བརྫི་ཞིང་འདུག་པའི་སྐབས་སུ། མནལ་དུ་ཟི་སོང་བ་ན།