R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 51b
[B:51b] མི་དགའ་བ་འདི་འདྲ་བ་སྲིད་པ་བར་དོ་མིན་ལ་ཆེ་དགོངས་པ་བྱུང་གསུང་། དེ་ནས་ལམ་མ་ཆོད་པར་མཚོ་འགྲམ་དེར་བཞུགས་དགོས་བྱུང་ནས་ལམ་གྲོགས་དེས་སྔས་ཤིང་ཞབས་ཏོག་ཏུ་བཏང་བྱུང་བས། དེ་ཁ་བའི་སྟེང་དུ་བཞག་དེའི་ཁར་གཟིམས་པས་ཁོ་ཡང་དེ་ལྟར་བྱས་ནས་ཉལ་སོང་། དེ་ནས་མནལ་ཟི་བ་ཞིག་བྱུང་བའི་མནལ་ལམ་ཡང་མིན་ཞིང་སད་པའང་མིན་པ་ལ་དབུ་སྔས་མགོ་དེ་ན་གཅིག་ཡོད་སྙམ་བྱེད་ནས་གཟིགས་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཤིན་དུ་གསལ་བ། རུས་པའི་རྒྱན་རྣམས་ཀྱང་རབ་དུ་དཀར་བ་ཞིག་གར་སྟབས་ལིང་ངེ་བཞུགས་འདུགདེ་དང་པོ་ར་ཚག་གི་ཇོ་མོའི་དྲུང་དུ་གསོལ་བ་བཏབ་པའི་བྱིན་བརླབས་ཀྱི་དབང་གིས། དེར་བདག་གིས་བར་ཆད་གསུང་པའི་ཕྱིར་བྱིན་གྱིས་བརླབས་པར་གདའ་གསུང་། དེ་ནས་རྗེ་བཙུན་མ་དེ་མཐར་འཇམ་དཔལ་གཤིན་རྗེ་གདོང་དྲུག་པར་སོང་བ་སྙམ་བྱེད་ཅེས་ཀྱང་གསུང་ངོ་། དགུང་ལོ་དྲུག་བཅུ་རེ་གཅིག་པ་ཆུ་ཕོ་སྤྲེའུ་ལོ་
1452ལོ
ཟླ་བ་བརྒྱད་པའི་ཉི་ཤུ་བཞི་ལ་གྲུབ་པའི་དབང་ཕྱུག་དཔལ་ནགས་ཀྱི་རིན་ཆེན་བོད་དུ་སྤྱན་འདྲེན་པའི་སླད་དུ་དཔོན་སློབ་བཅུ་གཉིས་བཤུལ་ལམ་དུ་[A:122]ཞུགས་ནས་རིམ་གྱིས་གཙང་ཕྱོགས་སུ་ཕེབས་པ་ན། ངུར་སྨྲིག་གི་ཇོ་མོ་སྒྲོལ་མའི་དྲུང་དུ་དོན་གྲུབ་པ་དང་། བར་དུ་གཅོད་པ་མི་འབྱུང་བའི་ཕྱིར་གསོལ་བ་མང་དུ་བཏབ། དེ་ནས་རིམ་གྱིས་ལ་སྟོད་བྱང་ནས་ལྷོ་ནས་ལྷོ་ཕྱོགས་སུ་ཕེབས་པའི་ཚེ། བྱང་གི་སའི་ཆ་ཁྲིའུ་མཁར་ཞེས་པར་ཕེབས་པའི་མཚན་མོ། ལམ་ཞིག་ན་ཨུཏྤལའི་སྡོང་པོ་ཡིན་ཟེར་བ་དབྱི་མོང་གི་སྡོང་པོ་འདྲ་བ་ལ་ལོ་མ་མང་དུ་ཡོད་པ། ཁྱད་པར་མེ་ཏོག་ཨུཏྤལ་སྔོན་པོ་མང་པོས་ཁེབས་པའི་ཕུང་པོ་ཆེན་པོ་ལམ་གྱི་ཕྱོགས་ཅིག་ན་སྐྱེས་ནས། ཕྱོགས་གཞན་དུ་མགོ་དུད་དེ་ཡོད་པའི་འོག་ལ་འགྲུལ་པ་རྣམས་འགྲོ་དགོས་པ་ཞིག་འདུག་པ་དེའི་འོག་ལ་སློབ་མ་ཁལ་དང་བཅས་པ་རྣམས་སྔོན་ལ་སོང་། ངས་དེའི་རྗེས་ན་ཕར་དེའི་འོག་ཏུ་ཕྱིན་པ་ཞིག་བྱུང་། དེ་རྗེ་བཙུན་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་མཚན་མར་སྣང་སྟེ། ཨུཏྤལའི་སྡོང་པོ་དེའང་རྗེ་བཙུན་མའི་ཕྱག་གི་མཚན་མར་འདུག དེའི་འོག་ཏུ་ཁོང་རྣམས་སྔོན་ལ་སོང་བ་དེ་ཁོང་རྣམས་བལ་པོར་འགྲོ་ཞིང་། ངས་རྗེས་སུ་