R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 57b
[B:57b] སྐུ་མདུན་དུ་གཏུགས་སྟེ་སྦྱངས་པས་ཕྱིས་འཁྲུལ་སེལ་ལ་ཤིན་དུ་མཁས་པ་ཞིག་བྱུང་། ལྷ་ཁངསྟེངས་སུ་གདན་ས་སངས་རྒྱས་རྒྱལ་མཚན་པས་ཞུ་བ་པོ་མཛད་ནས་ཆོས་རྗེ་རིན་པོ་ཆེ་ནམ་མཁའ་བློ་གྲོས་པའི་ཞལ་སྔ་ནས་གཙོ་བོར་གྱུར་པའི་བླ་མ་བཀྲས་བསོད་པ། སློབ་དཔོན་སྟོན་ཉི། སློབ་དཔོན་ལེགས་རྒྱམ། དབོན་པོ་བསོད་རིན་ལ་སོགས་པ་མང་པོ་ལ་དུས་འཁོར་རྒྱུད་འགྲེལ་གསུངས་། བླ་མ་བཀྲས་བསོད་པས་གསོལ་བ་བཏབ་ནས། བསྐྱེད་རིམ་ཡན་ལག་བཞི་པ་རྩ་འགྲེལ་བརྩམས། གདན་ས་བའི་དོན་དུ་རྒྱུད་བླ་ཐོགས་མེད་འགྲེལ་པ་དང་བཅས་པ་གསུངས་པས་གདན་ས་བ་ན་རེ། ཐོགས་མེད་འགྲེལ་པ་འདི་ཆོས་རྒྱ་ཆེན་པོ་ཞིག་འདུག་ཟེར་གསུང་། ངའི་ཆོས་སྐད་རྣམས་ལ་བླ་མ་བཀྲས་བསོད་པ་དང་གདན་ས་བ་དེ་དགྱེས་པར་བྱེད། ཐུགས་ཀྱང་ཤིན་དུ་དག་པ་ཅིག་ཡོད། སྤྱིར་གྱིས་ལྷ་ཁང་སྟེང་པ་ཐམས་ཅད་དམ་ཚིག་རྣམ་པར་དག[A:136]དེའི་དོན་གྱིས་ད་ལྟ་ཡིད་ལ་བྱས་དུས་སུ་ཡང་སྐྱིད་སྣང་ཆེ་བར་འདུག་གསུངས། གདན་ས་བ་འདིས་གཞན་ཡང་ཆོས་མང་དུ་ཞུས། རྒྱ་དུར་དུ་སློབ་དཔོན་ཆོས་རྒྱལ་ལ་དབང་མདོར་བསྟན་གསུངས་ཤིང་། དོང་སྤྲུགས་ཀྱི་དབང་གནང་བས་ཡེ་ཤེས་པ་ཕེབས། དགུང་ལོ་བཞི་བཅུ་པ་ཕག་གི་ལོ་ལ་གྲར་གསང་འདུས་གསན་པའི་ཞར་ལ་དགེ་སྦྱོང་སངས་རྒྱས་ཆོས་རྒྱལ་ལ་དབང་མདོར་བསྟན་རང་གི་ཉམས་མྱོང་དང་དཔེས་ནས་གསུངས། ཕྱིས་མི་མང་པོ་ལ་ཤུ་རེ་བ་རེ་གསུངས་པས་དགེ་སྦྱོང་བ་ན་རེ་མི་ཁྲིད་མ་ཉན་པ་དང་ལྷན་དུ་རྒྱུད་ཞུ་བ་འདི་ཐན་ཆེ་བ་ཅིག་འདུག་ཟེར། བཞི་བཅུ་རྩ་གཅིག་པ་ཆུ་ཕོ་བྱི་བའི་ལོ་
1432ལོ
ལ་རྩེས་ཐང་གི་ཤར་ཁང་དུ་རྔོ་ཐོག་པ་སློབ་དཔོན་ཆོས་རྒྱལ་ལ་སོགས་པ་གསུམ་གྱིས་གསོལ་བ་བཏབ་ནས། ཆོས་རྗེ་རིན་པོ་ཆེ་ནམ་པ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོ་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལེགས་པར་གསུངས་། དེ་རྗེས་ཆོས་རྗེ་རིན་པོ་ཆེ་ནམ་པ་དང་སློབ་དཔོན་ཨཱ་ནནྡ་ལ་སོགས་པ་མང་པོ་ལ་ཕར་ཕྱིན་གྱི་བཤད་པ་གནང་། ཆུ་མོ་གླང་གི་ལོ་ལ་རྒྱལ་བཟང་དུ་ཆོས་རྗེ་རིན་པོ་ཆེ་ནམ་པ་དང་། ཆོས་རྗེ་བསམ་རིན་པ་ལ་སོགས་པ་ཁ་ཡར་ཅིག་ལ་དུས་འཁོར་རྒྱུད་འགྲེལ་གསུངས་། དེ་ནས་རྩེས་ཐང་ཤར་ཁང་