R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 58a
[B:58a] དུ་ཆོས་རྗེ་རིན་པོ་ཆེ་ནམ་པའི་དྲུང་ནས་ལ་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་བཞུད་དུ་མཛད་ནས་བཤད་པ་རྒྱས་པར་གནང་བ་སོགས། ལོ་དེ་ནས་ས་ཕོ་རྟའི་བར་དུ་ཆོས་མང་དུ་གསུངས། ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་ལ་བཤད་པ་དང་ལུང་དང་འབེལ་བའི་བཀའ་མཆིད་ཀྱིས་གཏན་ལ་འབེབས་པའི་ཆོས་སྒོ་མཐའ་དག་ནས་སྩལ། ས་ཕོ་རྟའི་ལོའི་དཔྱིད་སོས་བཙན་ཐང་གི་ཆོས་འཁོར་གྲོལ་ནས་བསམ་གཏན་གླིང་དུ་དམར་སྟོན་རྒྱལ་མཚན་འོད་ཟེར་བའི་གསུང་ནས། བདག་འདིར་འཚོགས་ཀྱི་དགེ་བཤེས་ཀྱི་ནང་ནས་དྲང་པ་ཁྱེད་[A:137]ལ་གུས་པ་ཅིག་བྱུང་བ་ཡིན། ཆོས་རྗེ་པཎ་ཆེན་ནས་རྒྱུད་པའི་སྦྱོར་དྲུག་ཅིག་ཞུ་གསུངས་བས་ཕུལ། རྟ་ལོ་དེའི་དགུན་དྭགས་པོ་སྐུ་རབ་ཏུ་ཁྲི་དཔོན་པ་ལ་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་པ་དང་བཅས་པ་དང་། ལམ་རྣམ་བཀོད་ཀྱི་བཤད་པ། དོང་སྤྲུགས་ཀྱི་དབང་གནང་། ལུག་ལོའི་དགུན་སྙོན་ཕུག་ཏུ་སློབ་དཔོན་བསོད་བཀྲས་པ་ལ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ཡོངས་སུ་རྫོགས་པ་དང་། སློབ་དཔོན་བསོད་བཀྲས་པ་ཨ་ཡ་ར་ཁྱི་ལ་སོགས་པ་ལ་དོང་སྤྲུགས་ཀྱི་དབང་དང་། འབྲུམ་མདར་གཤིན་རྗེ་གཤེད་དམར་པོའི་དབང་མཛད། ལྕགས་མོ་བྱའི་དཔྱིད་ཡར་ལུང་སྣ་མོ་ཆོས་རྫོང་དུ་བཞུགས་ནས། ཆོས་རྗེ་རིན་པོ་ཆེ་ནམ་པའི་ཞལ་སྔ་ནས་དང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་དང་། སྡེ་སྣོད་འཛིན་པ་མགོན་པོ་རྒྱལ་མཚན་པ་དང་། ཆེན་པོ་བསོད་ནམས་ཡེ་ཤེས་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་ཕར་ཕྱིན་གྱི་བཤད་པ་ལ་སོགས་པ་ལེགས་པར་གནང་། ཆོས་དུས་མ་ཡིན་པའི་གནས་སྐབས་ཐམས་ཅད་དུ་ཡང་འབེལ་གཏམ་ལ་བརྟེན་ནས་སྔགས་མཚན་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་མཐའ་དག་དབྱེ་བར་མཛད། འཕགས་ཆེན་བསོད་ནམས་དར་བ་དཔོན་སློབ་ཁ་ཅིག་ཕེབས་ནས་ཕར་ཕྱིན་གསུང་བའི་ཆོས་གྲར་བཞུགས་ནས་གསན། དེའི་སྟོན་མཇུག་སྣེའུ་གདོང་སྣང་དྲུང་ཁྲར་བསོད་ནམས་རྒྱལ་མཚན་པ་སྣེའུ་གདོང་གི་གཉེར་སོ་ན་བཞུགས་པ་ལ་ཕུར་པ་མན་ངག་དྲུག་པ་ལ་སོགས་པའི་དབང་གནང་། དེའི་དགུན་