R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 6a
[B:6a] དགུང་ལོ་བཅུ་དྲུག་བཞེས་པ་ཕག་གི་ལོ་སྤྱི་ལོ་
1407
ལ་འོན་གྱི་རྒྱལ་བཟངས་སུ་གྲ་ཚང་ཐམས་ཅད་ཀྱིས་ཆོས་བར་ལ་བྱོན། དེའི་སོས་དེ་སྐྱིད་ཤོད་ཕྱོགས་སུ་གྲ་སྐོར་ལ་ཕེབས་པར་དགོངས་པ་ལ། རྒྱལ་བཟངས་སུ་དཔྱིད་དེ་རིམས་ཀྱི་བསྙེལ་གཞིས་བཏབ་པ་དང་། སྐུ་ལུས་ཐམས་ཅད་ཤུ་བར་སོང་བ་ཅིག་བྱུང་པས་སྨན་བཅོས་ལ་བསྐྱེད་ཅི་ཡང་མ་བྱུང་བས། ལོང་བ་མིག་མཐོང་ཡོད་པ་ཅིག་འདུག་པ་ལ་དྲིས་པས། ཁོ་ན་རེ་བཙུན་ཆུང་འདིའི་གྲོང་དེ་ལུང་པ་མདའ་བྱང་དུ་བསྟན་པའི་མདའི་གྲོག་ཁ་ཅིག་ན་འདུག འདི་གཉིད་ལ་སོང་ནས་ཀླུ་ཅིག་མནན་པས་ལན་པར་འདུག ད་ལོ་མཉམ་ཅིག་ལ་གོས་ཅིག་བྱིན། བླུད་གཅིག་གྱིས་ལ་དེའི་རྒྱབ་ལ་ལོ་དུ་ལོན་གྱི་ཁྲམ་ཐོབ་ལ་དེ་ཟར་ཆུག་དང་དེས་ཕན་འོང་པར་འདུག་ཅིག་ཟེར། སྤྲང་པོ་ཕ་བུ་གཉིས་སྣང་བའི་བུ་དེ་དགུང་[A:13]མཉམ་དུ་འདུག་པས་དེ་ལ་ན་བཟའ་ཅིག་བྱིན། བླུད་ཅིག་བསྐུར་ནས་རྒྱལ་བཟང་གི་མཆོད་རྟེན་དེའི་རྩར་ཟ་བཅུག་པས་དེ་མ་ཐག་དངས། དེའི་དབྱར་དེ་གྲ་སྐོར་ལ་སྐྱིད་ཤོད་དུ་ཕེབས། གྲ་སྐོར་བ་བརྒྱད་ཡོད། ཆོས་འཁོར་གླིང་དུ་ཕེབས་པའི་ཚེ་གྲ་སྐོར་ལ་འོལ་ཁ་བ་དཀོན་མཆོག་བཟང་པོ་ཞེས་བྱ་བ་ཞིག་ཡོད་པས་དེ་ལ་འབྱུང་པོའི་གནོད་པ་བྱུང་བས། རིན་པོ་ཆེ་བདེ་འབྱུང་བ་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་དང་ཕྱག་ན་རྡོ་རྗེའི་རྗེས་གནང་ཞུས་པས། ཆོས་སྐྱོང་གི་གཏོར་མ་ཁོའི་མགོ་ཐོག་ཏུ་བཞག་པས་ཁོ་སྐད་ངན་མང་པོ་ཤོར་བྱུང་། དེའི་ཟླ་ལ་རྗེས་གནང་གཉིས་པོ་ཞུས་གསུང་། གྲ་སྐོར་ཚར་ནས་སྤྱན་གཡས་སུ་ཕེབས་པས་སློབ་དཔོན་ཤེས་རབ་དར་བས་གསོལ་ཇ་ལེགས་པར་གནང་། འཇམ་དབྱངས་ཀྱི་གསེར་སྐུ་གཅིག་ཕུལ་ནས། འོ་ཁྱེད་ཀྱིས་སློབ་གཉེར་ལེགས་པར་མཛད་ནས་གྲ་སྐོར་ཡང་འཁོར་བ་དེ་ལེགས། ད་དཀའ་བཞི་དུས་འཁོར་དང་བཅས་པ་ཅིས་ཀྱང་སློབས་ཤིག་གསུང་དུ་བྱུང་། གསུང་དེས་ཕྱིས་དུས་འཁོར་སློབ་པ་ལ་ཁྱད་ཤིན་དུ་ཆེ་བར་བྱུང་གསུང་། དེ་ནས་སློབ་དཔོན་ལ་ང་ཕར་ཕྱིན་ཅིག་སློབ་པ་ཡིན་ཞུས་པས་ཚད་མ་དེ་ཁ་ལ་ནན་ཆགས་གྱིས་གསུང་། ནན་གྱི་ཞུས་པས་འོ་ན་རྒྱུགས་ཤོག་གུ་གཉིས་