[B:64a] ལ་སོང་བྱུང་ཟེར་སྐད། ཆེན་པོ་དཔལ་འབྱོར་བའི་དྲུང་པས་བསུ་བ་མཛད། དེ་ནས་རིན་ཆེན་བྲག་ཏུ་ཞག་གཅིག་བཞུགས་ཏེ་སང་ཤིན་དུ་སྔ་བར་བར་བཏེག་ནས་ཡང་དགོན་ནང་སོར་ཕེབས་[A:151]གཟིམས་ཆུང་འཇག་སྤྱིལ་དུ་གནང་། དེར་ཆབ་ཇ་གྲོལ་འཕྲལ་དུ་མཆོད་ཁང་སྟེང་གི་ཀ་བཅུ་མར། ཆོས་རྗེ་རིན་པོ་ཆེ་དང་མཇལ། བཞུགས་སྟན་ལ་སོགས་པའི་བཀུར་སྟི་ཆེན་པོའང་མཛད། དེ་རྗེས་གཟིམས་སྤྱིལ་དུ་གཞི་ཕབ་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ལ་ཟུག ཆོས་གསུངས་ཚར་ནས་ཆོས་འཕྲོའི་ཕྱག་དཔེ་གསེར་ཀ་ཅན་རང་དུ་བཞུགས་སུ་བཅུག་པ་ལ། ཁ་ཅིག་གཟིགས་ཏོག་མི་དགོས་པ་ཡ་མཚན་པའི་བསྟོད་པ་མཛད། དེའི་བཤད་པ་ཟུག་རྗེས་ནས་ཆོས་རྗེ་རིན་པོ་ཆེའི་ཕྱག་ཕྱིར་བླ་མ་འོལ་བ་བ་ཡོད་པ་ལ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་པཎ་ཆེན་ལུགས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་ཤཱཀྱ་རྒྱལ་མཚན་པ་ལ་སོགས་བླ་མ་དགེ་བའི་བཤེས་གཉེན་མང་པོ་དང། བྱང་ཕྱོགས་ཀྱི་རོང་པོ་ཆེན་པོ། དུ་དབེན་ཤ། ཀོང་པའི་སྤྱན་སྔ་དཔལ་བརྩེགས་རྒྱལ་པོ་སྐུ་མཆེད་ཁུ་དབོན། ཐར་དགོན་པའི་བླ་མ་སྐུ་མཆེད། འབའ་རོམ་པའི་བླ་མ་རྣམས་དང་། སྟག་ལུང་པའི་བླ་ཆེན་པ་ལ་སོགས་བཤེས་གཉེན་མང་པོ་དང། དཔོན་རྣམ་པ་ཐམས་ཅད་དང་། རྒྱལ་ཐང་པ་སྐུ་མཆེད། བླ་མ་རྫོང་འབྲོམ་པ་དང། འཕན་ཡུལ་གྲུབ་རྒྱལ་བ་ནམ་མཁའ་ཀླུ་རྒྱལ་ལ་སོགས་པའི་མི་ཆེན་མང་པོ་དང་མཇལ། ཐམས་ཅད་ཀྱིས་ཞབས་ཏོག་ཀྱང་ཕུན་སུམ་ཚོགས་པ་ཞུས་ཤིང་ཆོས་འབྲེལ་དང་ལོ་རྒྱུས་ཀྱི་དྲི་བཤད་མང་པོ་དང་དགེ་བའི་བཤེས་གཉེན་རྣམས་དང་འབེལ་གཏམ་ཁོ་ནས་དུས་འདའ་བར་མཛད། ཐ་ན་འབྲོག་པ་ཅིག་བྱུང་ནའང་ཁྱོད་ཀྱི་རུ་བ་ག་ན་ཡོད། མིང་ཅི་སྐད་ཟེར། ཁྱེད་ཚང་ལ་དུད་ཁ་དུ་ཡོད་། ཁྱོད་ཀྱི་རུས་པ་ཅི་ཡིན། ཁྱེད་ཚང་གི་ལུང་པའི་ཕུ་གར་གཏད། ཆུ་དེ་ཆུ་གང་ལ་འདྲེ། ཁྱེད་ཀྱི་ཡུལ་ན་བླ་མ་ཇི་སྐད་བྱ་བ་ཡོད་གསུང་ནས་བག་ཕེབས་པ་དྲི་བར་མཛད། བྱ་བྲལ་གཅིག་བྱུང་ནའང་གང་ནས་འོངས། ད་[A:152]གང་དུ་འགྲོ། ཆོས་ཅི་ཉན། བླ་མ་ཇི་སྐད་བྱ་བ་ལ་བསྟེན་གསུང་ནས་ཆེ་འགྱིང་མི་