R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 63b
[B:63b] སུ་ཕེབས་པར་ཞལ་གྱིས་བཞེས། དེའི་དབྱར་རིན་པོ་ཆེ་ཀུན་བཟང་རྩེ་པའི་གསོལ་འདེབས་ཀྱི་ངོར། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དྲི་མ་མེད་པའི་འོད་དང་བཅས་པའི་བཤད་པ་ཤིན་དུ་རྒྱས་པར་གནང་། ཟླ་བ་བརྒྱད་པའི་གཤམ་དུ་སོང་བ་དང་སྟག་ལུང་ནས་འབོད་མི་བྱུང་བའི་དཔེ་ཡོད་གསུང་ནས་སྐུ་མཚམས་གྲོལ། དགེ་འདུན་མང་པོ་དང་མཇལ་ནས་སྣེའུ་གདོང་རྩེར་ཕྱག་འབུལ་མཛད་དུ་ཕེབས་པའི་ཉིན་སྤྱན་འདྲེན་པ་རྟ་དྲེལ་མང་པོ་དང་བཅས་པས་སླེབས། སང་ཕེབས་པའི་དོ་ནུབ་མཆོད་བཤོམས་[A:150]དང་། མར་མེ་དང་ཞལ་ཟས་ཀྱང་འདི་ལྟ་བུ་གྱིས་གསུངས་ནས། དཀོན་མཆོག་ལ་མཆོད་པ་ལེགས་པར་བཤམས་ཚར་བ་དང་། ཕྱག་ཁ་ཅིག་མཛད། དེ་ནས་ཙོག་བུར་བཞུགས་ཏེ་ཐུགས་དམ་རྒྱུན་རིང་བར་གནང་གི་འདུག མཆོད་མེ་རྣམས་ཀྱང་གསལ་ཞིང་ཆེན་པོར་འབར། ཟླ་བ་དགུ་པ་དཀར་འཕྲལ་དུ་བཏེགས་ནས་འོན་ཕུ་ལ་མཛད་དེ་རིམ་གྱིས་ཕེབས། འཕན་ཡུལ་གྱི་དེ་གོང་དུ་ཕེབས་པའི་ཉིན་ཕྱི་དྲོ་ཉི་མ་ནུབ་ཕྱོགས་སུ་ཡོལ་དུ་ཉེ་བ་ན། དེའི་མདུན་གྱི་བྲག་གི་ལོགས་ལ་ཉི་མ་ཕོག་པ་དང་མ་ཕོག་པའི་དབང་གིས་བྱུང་བ་སྙམ་བྱེད་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བཞུགས་པ་ས་གནོན་དང་མཉམ་བཞག་ཅན་གྱི་སྟེང་ན་ལྷུང་བཟེད་ཀྱང་ཆེ་བ་བསྣམས་པ། སྐུ་ཆོས་སེར་པོ་ལ་སྐུ་ཤའི་ཁ་དོག་དེ་བས་ཅུང་ཟད་མི་སེར་བ། དབུའི་གཙུག་ཏོར་ཀྱང་ཤིན་དུ་གསལ་བ་ཞིག་གཟིགས་པ་ན་ཡུན་རིང་བར་གཟིགས་ནས་ཐམས་ཅད་ལ་སྟོན་པ་གནང་བས་སྟག་ལུང་པའི་ཉེ་གནས་སངས་རྒྱས་དཔལ་ན་རེ། ལས་སྒྲིབ་ཆེ་བ་ཡིན་པར་འདུག ངས་མི་མཐོང་ཟེར། དེ་རྟེན་འབྲེལ་ཤིན་དུ་བཟང་བར་འདུག་པས། དེ་ཉིན་ནས་བློ་བདེ་བ་སྐྱེས་ཤེས་གསུང་། དེ་ནས་རྒྱལ་ཆེན་རྩེར་ཕེབས་དུས་ན་ལེན་དྲའི་གཟིམས་ཁང་འོག་པའི་གྲ་ཚང་ཆོས་བར་ལ་བྱོན་འདུག་པ་རྣམས་ལ་ཆོས་ལེགས་པར་གསུངས། དེ་ཉིན་ཕེབས་པར་འདུག་ཟེར་ནས་ཐམས་ཅད་ཀྱིས་བྱ་ར་བྱས་མི་ཉུག་བྲང་ཚད་ལ་ད་བྱོན་ད་བྱོན་བྱས་པས་ཚ་བ་དགེ་བཤེས་བསོད་བློ་ན་རེ་མིན་པར་འདུག་མིན་པར་འདུག་ཟེར་ནས། རིའི་མར་སྣ་དེ་ལ་ཕེབས་བྱོན་པ་དང་། དེ་ཕེབས་བྱོན་ནོ་ནོར་འགྲོ་བ་མེད་ལུང་པ་ཐམས་ཅད་སྣུམ་གཏོང་