R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 65a
[B:65a] བདེ་མཆོག་རིམ་ལྔ་རྣམས་ཀྱི་ལུང་། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་གྱི་བཤད་པ། རིམ་ལྔ། སྤྱོད་བསྡུས། ཞལ་ལུང་། གྲོལ་ཐིག སྦྱོར་བདུན། སྦྱོར་དྲུག བདག་སྒྲུབ། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ། སྒྲུབ་ཐབས་ཀུན་བཟང། དཔལ་འབྲས་རྡོ་རྗེས་མཛད་པའི་སྒྲུབ་ཐབས། གཏོར་མ་ཆེན་པོའི་ཆོ་ག ཚོགས་ཀྱི་ཆོ་ག ཛམ་བྷ་ལའི་སྒྲུབས་ཐབས་གསུམ། འཇལ་དཔལ་གྱི་མཆོད་ཕྲེང་། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ལ་སོགས། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ་བཤད་པ་ཞུ་གསུང་བས་བཤད་པ་ཡམ་མེ་བ་ཅིག་གནང་། བཤད་རྒྱུད་གཞན་གསུམ་གྱི་ལུང་། སྤྱོད་པ་ལ་འཇུག་པའི་རྒྱས་བཤད་ལམ་སྙིང་སྤར་གསུམ་དང་། རྒྱུད་བླ་འགྲེལ་པར་བཅས་པ་དང་། མེ་ཏྲི་བའི་དེ་ཁོ་ན་ཉིད་བཅུ་པ་འགྲེལ་པ་དང་བཅས་པའི་བཤད་པ། བརྟག་གཉིས་སེམས་འགྲེལ་སྐོར་དང་མཐུན་པའི་བཤད་པ། ནཱ་རོ་འགྲེལ་པའི་ལུང་། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ཐེག་ཆེན་རྣལ་འབྱོར། ཆོས་དབྱིངས་བསྟོད་པ། དབུ་མ་འཇུག་པའི་བཤད་པ་། ཕུང་པོ་ལྔའི་བྱེ་བྲག་ཏུ་བཤད་པའི་བཤད་པ། བུ་སྟོན་རིན་པོ་ཆེའི་དུས་འཁོར་མངོན་རྟོགས་ཀྱི་སྟེང་ནས་མངོན་རྟོགས་ཀྱི་བཤད་པ་གནང་ནས་མི་མཐུན་པ་རྣམས་ལ་འབུར་དོད་མཛད་པ། མཚན་བརྗོད་ཕན་ཡོན་དང་བཅས་པའི་རྒྱ་དཔེ་ལས་སྐད་དོད་སྤྲད་པ་ཚར་གཉིས། རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་[A:154]བཤད་པ་ཚིག་འགྲེལ་གྱི་སྟེང་ནས་གནང་། རྒྱུད་ཕྱི་མའི་ལུང་། ཞི་བྱེད་རྒྱུད་ཕྱིའི་ལོ་རྒྱུས་ཆེན་མོ། ཨཱ་ལི་ཀཱ་ལཱི་ཆུ་ཀླུང་ཆེན་པོའི་བརྒྱུད་ལམ་རིམ་རིན་ཆེན་ཕྲེང་བ། སངས་རྒྱས་ཚལ་ཆུང་། ཐུགས་ཀྱི་ཞུ་ལན། རོག་གི་ཉམས་སྣང་མ། དར་ཚགས་བརྒྱད། གཅོད་ཡུལ་སྟོན་ཐོག་གཅིག་མ་དང་མ་ཁྲིད་ཆེན་མོ་གཉིས། བྲུལ་ཚོ་དྲུག་པའི་གདམས་པ། ཞལ་གདམས་བཅུ་བཞི་པ། དྲུག་གསུམ་བཅོ་བརྒྱད་པ། སྔོན་འགྲོ་གསུམ། ནམ་མཁའ་སྒོ་འབྱེད། ལམ་ཁྱེར་གྱི་གནད་བཞི། གཅོད་སྐྱེ་གཉིས་མེད་ཀྱི་གདམས་པ། ནང་འདོན་དམིགས་པ་སྐོར་གསུམ། དྲུག་ཚན་དྲུག་པ། འཕྲུལ་གཅོད། གོང་ཁུག་མ་ཆེ་ཆུང་། ཟབ་དོན་སྤྱི་ཁྲིད་ཀྱི་གཞུང་། ཁྲིད་ཡིག་ཆེན་མོ། ཉམས་ཁྲིད་