R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 67b
[B:67b] རྒྱུད་དེ་འོན་དུ་ཕེབས། ཆོས་ཀྱི་རྗེ་སྤྱན་སྔ་ཚེས་གཉིས་རིན་པོ་ཆེའི་བཀའ་ལུང་གིས་ཕན་ཚུན་དུ་བདེ་བར་ཕེབས་ཆོག་པས་ཤིན་དུ་འོ་མི་རྒྱལ་བ་བྱུང་། རྩེ་ཐང་དུ་ཕེབས་མ་ཐག དཀའ་བཅུ་བ་ནམ་མཁའ་རྒྱལ་མཚན་པས་གསོལ་བ་བཏབ་ནས་སྤྱོད་བསྡུས་སྒྲོན་མ་དང་། ཞལ་ལུང་གྲོལ་ཐིག་རྣམས་ལ་བཤད་པ་ཤིན་དུ་རྒྱས་པར་གནང་། དཀའ་བཅུ་བ་གྲགས་པ་མཐའ་ཡས་པ་ལ་མཚམས་སྦྱོར་ལྔ་པའི་ས་རིས་དང་མིང་ལེ་ཡན། བརྡའ་བསྟན་པ་ཙམ་གྱིས་ཆོག་པར་བྱུང་བས་ཕར་ཕྱིན་གྱི་དོན་བདུན་བཅུ་ཡན་དང་། མདོ་སྡེ་རྒྱན་གྱི་འགྲེལ་པའི་སྟོད་ནས་ལེའུ་གསུམ་ཙམ་གྱི་སྐད་དོད་གནང་། ཤིང་ཕོ་སྤྲེའུའི་ལོ་ལ་དགེ་འདུན་མང་པོ་ལ་རྒྱུད་བླ་དང་། གསང་སྙིང་སྤར་ཁབ་དང་བཅས་པ། ལམ་རྣམ་བཀོད་ཀྱི་བཤད་པ་རྒྱས་པ། སྒྱུ་འཕྲུལ་གྱི་ཕྲན་མང་པོའི་ལུང་རྣམས་གནང་སྟེ། ཞུ་བ་པོ་དགེ་བའི་བཤེས་གཉེན་སོ་སོས་མཛད་ཀྱང་། ཤིན་དུ་མང་བར་གསུང་བ་དེ་གསང་སྔགས་རྙིང་མ་པའི་བླ་མའི་དབོན་པོ་གསུམ་ལ་མ་ཆད་ཙམ་འོང་བའི་ཕྱིར་གསུངས་པ་ཡིན་ནོ། དགུང་ལོ་བདུན་བཅུ་རྩ་གསུམ་བཞེས་པ་ཤིང་ཕོ་སྤྲེའུའི་ལོ་
1464ལོ
ལ་དབེན་པར་བཞུགས་བཞེད་པ་ཡང་། རང་གི་དགུང་མཉམ་གྱི་མི་ཕལ་ཆེར་གཤེགས་པ་དང་། པཎ་ཆེན་རིན་པོ་ཆེའི་བཀའ་ལུང་ལ། ད་ནི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་གསུང་བ་ཡང་དང་ཡང་དུ་ཕེབས་པ་ལ་སོགས་པ་ལ་བརྟེན་ནས། དེའི་དབྱར་སོས་འཕྱོང་པོའི་ཕུ་ཆོས་ལྡན་ལྟ་བུ་གནས་འགོལ་བ་རྒྱང་རིང་བར་ཕེབས་བཞེད་པ་ན། བཀྲ་ཤིས་དགོན་པ་ལེགས་པར་དགོངས་ནས་ལྗང་གི་ཕུར་བཏེག་ལོ་གཅིག་གི་བར་དུ་ཆོས་འབྲེལ་ཚུན་[A:160]ཡང་མི་གནང་། གསོལ་ཇ་སྦྱོར་རེ་ལས་མི་བཞེས། ཕལ་ཆེར་སྐུ་མཚམས་ཁོ་ན་ལ་བཞུགས། མཚན་མོ་གཟིམས་མལ་དུ་ཕེབས་ནས་སྐར་ཁོངས་གསུམ་ཙམ་ལས་མི་མནལ་བར་བཞུགས་སྟན་ཉིན་མོ་དེའི་སྟེང་དུ་ཕེབས་ནས་སང་ནམ་སེང་གི་བར་དུ་ཐུགས་དམ་ཁོ་ན་ལ་བཞུགས། ཉིན་རངས་པར་གཟིགས་རྟོག་གིས་དུས་འདས། ཁྱད་པར་ལྕང་གོང་ནས་མདོ་མངས་སྤྱན་དྲངས་