R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 71a
[B:71a] འགྲེལ་པ་སཱ་དྷུ་པུ་ཏྲས་མཛད་པའི་ལུང་། དཔེ་མེད་འཚོའི་སྦྱོར་དྲུག་དང་། ཉི་མ་དཔལ་ཡེ་ཤེས་ཀྱི་འགྲེལ་པ། མཚན་བརྗོད་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། རིན་ཆེན་སྒྲོམ་ལྡེའི་བཤད་པ་དམྱལ་པ་ཧྲུལ་པོས་མཛད་པ། དུས་ཞབས་སྙན་རྒྱུད། གྲུབ་ཆེན་ཡུ་མོའི་གསལ་སྒྲོན་བཞི། གསང་འདུས་འགྲེལ་པ་སྒྲོན་གསལ་གྱི་བཤད་པ། རིམ་ལྔ། སྤྱོད་བསྡུས། འཇམ་དཔལ་ཞལ་ལུང་། གྲོལ་ཐིག སྦྱོར་བདུན་རྣམས་ཀྱི་བཤད་པ། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ། བདག་སྒྲུབ་པ། གཏོར་མ་ཆེན་པོའི་ཆོ་ག་ཚོགས་འཁོར་གྱི་ཆོ་ག སྒྲུབ་ཐབས་ཀུན་བཟང་ལ་སོགས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ། དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས། རྒྱུད་ཕྱི་མ། བརྟག་གཉིས་ཀྱི་རྒྱུད་རྣམས་ཀྱི་བཤད་པ། བརྟག་གཉིས་ཀྱི་ནཱ་རོ་འགྲེལ་པའི་ལུང་། གསང་སྙིང་སྤར་ཁབ་དང་བཅས་པའི་བཤད་པའི་སྔོན་དུ་སྒྲོ་ཕུག་པའི་ཆོས་ལྔ་དང་། ལམ་རྣམ་བཀོད་ཀྱི་བཤད་པ་ལ་སོགས་རྙིང་མའི་སྐོར་ཤིན་དུ་མང་བ་དང་། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་གི་སྒྲོན་མའི་ལུང་། ཚད་མ་རིགས་ཐིགས་དང་། རྒྱུད་བླ་མ་དང་། མངོན་རྟོགས་རྒྱན་སེང་གེ་བཟང་པོའི་འགྲེལ་པ་དང་བཅས་པ་དང་། དབུ་མ་འཇུག་པ་དང་། སྤྱོད་འཇུག་རྣམས་ཀྱི་བཤད་པ། རྩིས་ཀྱི་ས་རིས་རྒྱུ་མཚན་རྩིས་དང་བཅས་པ། ཀ་ལཱ་པའི་དབུ་ནས་མིང་ལེ་ཡན་ཙམ་གྱི་ས་རིས། རྟ་མགྲིན་ལྷ་བཞི་[A:168]དང་སྙན་རྒྱུད་རྡོ་རྗེ་ཟམ་པའི་དབང་དང་ཁྲིད་གཞུང་བཤད་ལ་སོགས་པ་ཤིན་དུ་མང་བ། རིག་པའི་རྩལ་དབང་བཅོ་བརྒྱད། ཨ་རོ་སྙན་རྒྱུད་ཀྱི་ཁྲིད་སྐོར། རྨངས་དོ་ཧའི་རྣམ་བཤད་ཀྱི་སྟེང་ནས་བཤད་པ། ཆོས་རྗེ་ཕྱོགས་པའི་སྦྱོར་དྲུག་གི་སྲོག་འཛིན་ཡན་གྱི་ཁྲིད། ཀུན་སྤངས་པའི་ཡན་ལག་ཕྱི་མ་གཉིས་ཀྱི་ཁྲིད་ཡིགཕྱོགས་པའི་ངོས་སྤྲོད་དང་བཅས་པ། གསང་འདུས་ཀྱི་ནག་ཁྲིད་ཀྱི་སྐོར་རྣམས། ཨ་བྷ་ཡཱའི་མན་ངག་སྙེ་མ། ཞི་བྱེད་རྨ་ལུགས་ཀྱི་གཏོར་དབང་། རྨའི་ལག་ཁྲིད་བཅུ་དྲུག་གི་ཁྲིདཡིག་རོག་གིས་མཛད་པའི་སྟེང་ནས་དེའི་ཁྲིད་དང་། རྨ་ལུགས་ཀྱི་གདམས་པ་ཤིན་དུ་མང་བ།