[B:71b] ལམ་འབྲས་དཔེ་མཛོད་མའི་སྐོར་ཚང་མ། གྲུབ་པ་སྡེ་བདུན། དེ་ཁོ་ན་ཉིད་བཅུ་པ་ལྷན་སྐྱེས་རྡོ་རྗེའི་འགྲེལ་པ་དང་བཅས་པའི་བཤད་པ། བྱང་ཆུབ་སེམས་དཔའི་ས། སྡོམ་པ་ཉི་ཤུ་པའི་འགྲེལ་པ་ཞི་བ་འཚོས་མཛད་པ་བསླབ་བཏུས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ། འབྲུག་པའི་ཁྲིད་ཆེན་བརྒྱད། འཇམ་དབྱངས་མགོན་པོའི་ཡིག་ཆའི་སྟེང་ནས་ཐུབ་ལྔའི་ཁྲིད་སྐོར། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་ལམ་རིམ་ཆུང་བ། སྔགས་རིམ། བདེ་མཆོག་ཊི་ཀ བླ་མ་ལྔ་བཅུ་པ་དང་རྩ་ལྟུང་རྣམ་བཤད། དྲང་ངེས་རྣམ་འབྱེད་ལ་སོགས་པ་དང་། མཁན་ཆེན་ལས་ཀྱི་རྡོ་རྗེའི་བཀའ་འབུམ། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་དང་བཅས་པ། དེ་ཉིད་འདུས་པ། རྡོ་རྗེ་རྩེ་མོ། དཔུང་བཟང་། ལེགས་གྲུབ། བསམ་གཏན་ཕྱི་མ། དཔའ་བོ་གཅིག་གྲུབ། ཕྱག་རྡོར་དབང་བསྐུར། གསང་བ་སྤྱི་རྒྱུད། རབ་གནས་མདོར་བསྡུས་ཀྱི་རྒྱུད། དཔལ་མཆོག་དང་པོ། སངས་རྒྱས་ཐོད་པ། བདེ་ཆེན་རལ་གཅིག སྡོམ་འབྱུང་། རྡོ་རྗེ་མཁའ་འགྲོ། ཕག་མོ་མངོན་འབྱུང་། ངེས་བརྗོད་བླ་མ། ཀུན་སྤྱོད། [A:169]ཁྲག་འཐུང་མངོན་འབྱུང་། ཕྱག་ཆེན་ཐིག་ལེ། ཡེ་ཤེས་ཐིག་ལེ། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། རྟོག་བདུན། རྟོག་གསུམ། གཏམ་རྒྱུད་ཀྱི་རྟོག་པ། གདོང་དྲུག གཤེད་དམར་ཀྱི་རྒྱུད་རིམ་པར་ཕྱེ་བ་བཅུ་དགུ་པ། རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ཤིན་དུ་མང་བ་བཀའ་དྲིན་དུ་མཛད་པའི་དུས་སུ། སྐུ་ཉམས་ཀྱང་སྔར་བས་བཟང་བ། སྐུ་ཁམས་ཤིན་དུ་དྭངས་པ། བཞེས་སྟོབས་ཀྱང་ཤིན་དུ་ཆེ་བ་བྱུང་བ་རྣམས་དཔོན་སློབ་རྣམ་པར་དག་པའི་སྟོབས་ལས་བྱུང་བ་ཡིན་ནོ་ཞེས། རྗེ་ལོ་ཆེན་ལ་སོགས་པས་བསྔགས་པ་གནང་ངོ་།
༢༥ དེབ་ཐེར་སྔོན་པོ་སོགས་བརྩམས་པ།
ས་ཕོ་ཁྱི་ལོ་
1478ལོ
ལ་དེབ་ཐེར་སྔོན་པོ་ཆེ་བའི་བརྩོམ་པ་གནང་ཞིང་། དྭགས་པོ་རབ་འབྱམས་པ་ལ་དུས་འཁོར་དབུ་ཞབས་ཀྱི་དོན་ཐམས་ཅད་སྐམ་བཤད་དུ་མཛད། དེ་རྗེས་ཁོང་རང་གིས་རྒྱུད་འགྲེལ་གཟིགས་ཏེ་མ་བདེ་བ་དང་དཀའ་བའི་གནས་ལ་དྲི་གཏུག་གིས་གཏན་ལ་ཕབ། དེའི་སྟོན་བདག་བྱང་རིས་ནས་འཁོར་རྗེས། དཔོན་སློབ་ཐམས་ཅད་ལ་ཟླ་ཕོགས་སྩལ་ཞིང་། དེའི་