[B:8b] དཔོན་ཆོས་དབང་དང་ལྷན་དུ་མཇལ་བར་ཕེབས། བྱིན་བརླབས་ཞུས། སྐུ་ཉེ་སྐོར་རྣམས་ཀྱི་བསྔོ་བ་ཞུས། ཇ་གྲལ་དུ་བཞག་བྱུང་ནའང་ཇ་དྲིལ་སོང་། དེར་མཚལ་མིན་རིན་པོ་ཆེ་བསོད་བཟང་པ་ཕེབས་འདུག་པ་ལ། སུམ་པ་ལོ་ཙཱ་བའི་བློ་སྦྱོང་དང་སེམ་པའི་རིམ་པ་གཉིས་གསན། ཁོང་ལ་ལྷག་པར་དད་པ་བྱུང་། ཕྱིས་མཇལ་དུ་ཕེབས་པར་བཞེད་པ་ལ་གྲོགས་མཆེད་ཀྱིས་བཤོལ་བས་མ་སླེབས་གསུང་། མཁན་ཆེན་ཡོན་བློ་བ་ཕེབས་འདུག་པས་བློ་སྦྱོང་ཤ་ཁྱེར་ཁྲག་ཁྱེར་གསན། དེར་ཞག་གཅིག་བཞུགས། སླར་སྐྱོར་མོ་ལུང་དུ་ཕེབས་པའི་ལམ་དུ། བུ་མོ་ཁ་ཡར་གྱིས་བཟུང་ནས་ཆང་འདྲེན་ཞིང་སློང་མོ་[A:21]བྱེད་རྩིས་བྱས་པས། ཅི་དྲག་ན་དགོངས་པའི་ཚེ། སློབ་དཔོན་ཆོས་དབང་ན་རེ། ངའི་ཨ་མ་ཤི་ནས། ཆོས་རྗེ་ཀརྨ་པའི་དྲུང་དྲུ་བསྔོ་ཞུས་ལ་ཕྱིན་པ་ཡིན་ཟེར་བྲང་བརྡུངས་པས། དེ་ཚོ་སྐྱེངས་ནས་བཏང་བྱུང་། མ་ཟད་དུ་ཕེབས་ནས་ཁྱེད་དེ་འདྲ་བྱེད་པ་གསུངས་བས། དེ་བརྫུན་ནི་མིན་ཟེར། ཞོར་ལ་ར་ཚག་གི་ཇོ་མོ་མཇལ་ནས་གསོལ་བ་བཏབ་པས་བྱིན་བརླབས་ཀྱང་ཆེ་བར་བྱུང་། སློབ་དཔོན་བསམ་གཏན་དོན་གྲུབ་པ་དེ་སྐུ་བཙུན་ཞིང་འདུལ་མཛོད་ཀྱི་སྐུ་ཡོན་ཏན་ཤིན་དུཆེ་བ། ཞི་བྱེད་དོན་རྒྱུད་ལ་ཐུགས་དམ་དུ་མཛད་བ་ཡིན་གསུང་ནས་མཛད་སྤྱོད་རྣམ་ཐར་རྣམས་གསུང་ཞིང་ཤིན་དུ་དད་པར་མཛད། སྦྲུལ་ལོའི་སྟོན་དེ་སྐྱོར་མོ་ལུང་གི་བྲང་ཁང་ཅིག་ན་བཞུགས་པའི་དུས་སུ། རི་བོ་དགེ་ལྡན་ནས་ཆོས་རྗེ་ལེགས་པ་རྒྱལ་མཚན་པས་དབུ་མཛད་ནས་སྤྱི་བསོད་པ་མང་དུ་བྱོན་པའི་གནས་བྲང་ཁང་དེར་བྱུང་བས། ཁོང་རྣམ་པའི་མེ་འབུད་ལ་སོགས་པའི་ཞབས་ཏོག་རྣམས་ཐུགས་གཞུངས་ནས་མཛད་པས། ཆོས་རྗེ་ལེགས་པ་རྒྱལ་མཚན་པས་ཕྱག་དཔེ་མང་དུ་ཡོད་པ་རྣམས་ལ་གཟིགས་ནས། གཅིག་ལ་ཤོག་གསུང་ནས་ཞལ་ཏ་ཅིག་མཛད་ཅིང་འདུག་པས། དེ་བྱུང་ནས་རང་རེ་བ་སྡེ་སྣོད་འཛིན་པ་ཅིག་ཡིན་པ་འདྲ། ལས་ཁ་མཛད་པས་མི་ཡོང་ཟེར། ད་རང་ག་བ་ཅིག་ཡིན། དཔེ་ཆ་འདི་ཚོ་རང་བཞིན་ཚགས་བྱས་པ་ཡིན་གསུང་ནས་ཞབས་ཏོག་མཛད་གསུང་། དེ་ནས་སློབ་དཔོན་པ་ཡབ་པ་ཆོས་རྗེའི་དྲུང་དུ་ཞི་བྱེད་ཀྱི་གདམས་པའི་འཕྲོ་གསན་