[B:9a] པའི་ཕྱགས་ཕྱིར་ཕེབས་ནས་ཆོས་རྗེ་ཤཱཀྱ་བཟང་པོ་བ་ལ་སྐྱེས་མཆོག་པའི་ཀ་དག་གསལ་བ་དང་བཅོམ་ལྡན་རིགས་རལ་གྱིས་མཛད་པའི་སྐྱེས་རབས་གསན། ཐུགས་ལ་བཏགས་གསུང་ནས་ཆོས་རྗེའི་མཛད་སྤྱོད། གྲ་པའི་མཛད་སྤྱོད། གཟིམས་ཁང་གི་ལོངས་སྤྱོད་སྐྱོང་ལུགས་སོགས་ལེགས་པར་གསུང་། དེ་[A:22]རྟིང་ཐང་སག་ཏུ་སློབ་དཔོན་ཡེ་རྒྱལ་བ་མཇལ་དུ་ཕེབས་ཏེ། གླང་ཐང་གི་འོག་གི་ངན་ཆུའི་འགྲམ་དུ་རབ་གར་ཡོད་མ་དགོངས་པར་དུམ་གཅིག་བཞུགས་པ་མནལ་དུ་སོང་རྩ་ན་ཆུ་ཤོ་ཤོ་ཟེར་ནས་ཐད་དེ་ཉིད་ན་ཚུར་རྟ་པ་ཅིག་བྱུང་བའི་རབ་བརྒལ་ཏེ་ཐང་སག་ཏུ་བྱོན་ནས་མཇལ་རྗེས། ལྷ་སར་ཇོ་མཇལ་དུ་ཕེབས་པའི་དུས་སུ། བཙུན་རྒན་མ་གོས་ཧྲལ་མོ་མཁའ་འགྲོ་མ་ཡིན་ཟེར་བ་ལ། མཁའ་འགྲོ་མ་ཡིན་ནམ་མ་ཡིན་རྟོག་པའི་བརྡར་སྤྱན་གྱིས་དེ་ལ་མ་གཟིགས་པར་སེ་གོལ་མཛད་པས། མོས་ཀྱང་ལན་གྱི་སེ་གོལ་བྱས་བྱུང་གསུང་། ཡར་ཀླུངས་སུ་སླར་ཕེབས་པ་ན། ཆོས་རྗེ་དེ་བཞིན་གཤེགས་པའི་སྒར་མདོ་མཁར་གྱི་ན་ཁར་བཞུགས་པ་ལ་ མཇལ?འཇལ་དུ་ཕེབས། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་གནང་གི་འདུག་པ་གསན། ཁྲིའུ་མཐོན་པོ་དཔེ་མེད་པའི་གཞོགས་སུ་ཁྲིའུ་ཆུང་ཆེས་དམའ་བ་ཞབས་སྟེགས་སུ་འདུག་སྟེ། མཐོ་བ་དེ་ལགོམ་པ་དོས་སླེབས་པ་མེད་དམ་སྙམ་ནའང་། དེ་ལ་ཇི་ཙུག་བྱས་ཕེབས་པ་ཡིན་ནམ་བསམ་པ་ལ་བཞུགས་སྣང་བ། རྫུ་འཕྲུལ་དུ་འདུག་གསུང་། བྱང་ཆུབ་སེམས་དཔའ་ཡོན་ཏན་བློ་གྲོས་པ་ཡང་དེ་ན་ཕེབས་འདུག་པས་རྣམ་རྒྱལ་གྱི་བསྟོད་པ་དང་གླང་རི་ཐང་པའི་ཚིག་བརྒྱད་མ་གཉིས་གསན། དེ་རེས་ཆོས་རྗེ་དེ་བཞིན་གཤེགས་པ་རྩེས་ཐང་དུ་ཕེབས་ནས་ཚོགས་སུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ནཱ་རོ་ཆོས་དྲུག་བསྡུས་པ་དང་། འཇམ་དབྱངས་ཀྱི་སྒྲུབ་ཐབས་དང་། ཚེ་དཔག་ཏུ་མེད་པའི་མདོ་རྣམས་གསན། མ་ཎི་གྲངས་བཅད་ཀྱི་དམ་བཅའ་ཕུལ། ཆོས་རྗེ་དེ་ཉིད་སྐུ་མཛེས་ཤིང་དྭངས་པ་ཁྲོམ་ཆེ་བ་དང་ཅ་ཅོ་ལའང་ཐུགས་མི་ཡེངས་ཤིང་། བསྔོ་ཡིག་གཡས་གཡོན་གཉིས་ཀ་ནས་འབུལ་བ་ལ་ཆེད་དུ་མི་གཟིགས་