R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 8a
[B:8a] སྐུ་ན་བགྲེས་པ། ན་བཟའ་སྡུག་པོ་སྐྱུག་བྲོ་བ་ཅིག་བཞེས། སྙན་གཡས་གཡོན་གཉིས་ལ་ལུག་གི་སོག་པའི་སྙན་ཆ་རེ་བཏགས་ནས་བུག་སྒོ་འགག་དེ་ན་བཞུགས་ནས། ཁོང་རང་གི་གསོལ་ལྷག་དང་ཟག་པ་རྣམས་བསྲེས་ཏེ་མི་རྣམས་ལ་འགྱེད་པ་ཅིག་འདུག་གསུང་། ཆོས་ཅི་གསན་ཞུས་པས་ཆོས་ར་རེ་ཙམ་མ་གཏོགས་ཆེར་མི་གསུང་བ་ཡིན་པར་འདུག ངེད་ཚེ་ལ་སྡིག་པ་སྤོངས། དགེ་བ་བསྒྲུབས། བྱམས་པ་མ་བྱོན་གྱི་བར་དུ་སྡོད་བསམ་པ་མ་བྱེད། ཅེས་པ་དེ་གནང་བ་ཡིན་གསུང་། དེ་ནས་རྩེ་ཐང་དུ་ཕར་ཕྱིན། དབུ་མ་འཇུག་པ། སྤྱོད་འཇུག རྒྱུད་བླ་རྣམས་ཀྱི་གཞུང་སྐྱུར་གྲ་སྐོར་མཛད་པས། སློབ་དཔོན་བསམ་བཟང་པ་ནི། གྲ་སྐོར་འཕྱིས་པ་ཡིན་ཞེས་བཀའ་བཀྱོན། ངས་ནི་དེའི་བར་ལ་ཡོན་ཏན་མང་དུ་བཅང་གསུང་། ཕར་ཕྱིན་གྱི་ཐུགས་སྦྱོང་ལ་ཟུག རྗེས་སུ་སློབ་དཔོན་བསམ་བཟང་པའི་ཕྱགས་ཕྱིར་རྔོ་ཐོག་པ་ཆོས་རྒྱལ་བ་ཡང་ཚད་མའི་སློབ་གཉེར་ལ་བྱོན་བྱུང་པས་མཚན་མོ་བཤར་སྦྱང་ཚར་བའི་རྗེས་སུ་ཐམས་ཅད་འཕྲོས་གཏམ་བྱུང་བ་ལ། [A:20]སློབ་དཔོན་ཆོས་རྒྱལ་དེ་རྡོ་ཐོག་ཏུ་བཤད་སར་གྱི་སྟེངས་སུ་ཆོས་བཤད་པ་ཡིན་ཟེར་བས། འཆད་ཆོས་གང་ལ་བྱེད་ཁྱེད་ཀྱིས་ཅི་ལ་བྱས་དྲིས་པས་ཆོས་ལྔ་ལ་བྱས་ཟེར། དེ་གང་ལ་ཟེར་གསུངས་པས། ས་བཅད་ལྔ་འདུག་པ་དེ་ཡིན་པ་འདྲ་ཟེར། དེ་ཐོན་པར་འདུག་གམ་གསུང་བས། ཆོས་ལྔའི་རྩ་བ་དེ་བཏོན་བྱུང་བས། ཆོས་འདི་ལ་ཆོས་ཀྱི་ཁོག་ཆེན་པོ་ཅིག་ཡོད་པར་འདུག་པས་འདི་ཅིས་ཀྱང་རྩད་གཅོད་དགོས་དགོངས་པ་བྱུང་བ་ཡིན་གསུང་། དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པ་སྦྲུལ་
སྤྱི་ལོ་1413ལོ
གྱི་དབྱར་སོས་དེ་སྐྱིད་ཤོད་དུ་གྲ་སྐོར་ལ་ཕེབས། དེའི་མོད་ལ་སྐྱོར་མོ་ལུང་དུ་སློབ་དཔོན་བསམ་གཏན་དོན་གྲུབ་པའི་དྲུང་དུ་དབྱར་ཆོས་གཅིག་ནས་སྟོན་ཆོས་ཀྱི་བར་དུ་བཞུགས་ནས་འདུལ་བ་མདོ་རྩ་བ་དང་མངོན་པ་མཛོད་ཚར་རེ་གསན། ཚེས་བཅུ་བཞི་དང་བཅོ་ལྔ་བྱུང་རེས་ཀྱི་སྨྱུང་གནས་མཛད་པའི་ཟླ་ལ་སྨྱུང་གནས་མཛད་ཅིང་། སྨྱུང་གནས་དང་རྟག་ཏུ་ངུའི་བཅུད་ལེན་གྱི་ལུང་ཡང་ཐོབ། ཆོས་དཔོན་དུ་ཆོས་སྐྱོང་བཟང་བོ་བ་བཞུགས་པའི་དུས་ཆོས་འཆད་པའང་གསན། དེ་དུས་སྟོད་ལུང་རྣམ་པར་དུ་ཆོས་རྗེ་དེ་བཞིན་གཤེགས་པ་བཞུགས་པའི་སར། སློབ་