[B:9b] པར་སྤྱན་འབྲས་མི་འགུལ་བ་ཉིད་ཀྱི་ངང་ནས་ཐོགས་མེད་དུ་ཀློག་པའི་ཡ་མཚན་ཆེན་པོ་དང་། སྣེའུ་གདོང་གི་ཆོས་[A:23]འཁོར་ལྡུམ་རའི་ཁྲི་ཁ་ན་བཞུགས་པའི་ཚེ་དབང་གྲགས་པ་རྒྱལ་མཚན་སྐུ་མདུན་དེ་ན་སྟན་དམར་རྐྱང་པ་ཅིག་ལ་བཞུགས་འདུག ཁོང་དཔོན་སྐྱ་མང་པོས་བསྐོར་ནས་རྒྱལ་ཁམས་འོད་ཀྱིས་བཀང་ནས་འབྱོན་གྱི་ཡོད་པ་ཡིན་ཏེ། སྐུ་མདུན་དེ་ན་སྣག་ཚའི་རི་ལུ་ཙམ་ཞིག་འདུག་ངའི་མིག་གིས་ཆོས་རྗེ་དེ་བཞིན་གཤེགས་པ་འདྲ་བ་མཐོང་། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་འདྲ་བ་མཐོང་། ཁྱེད་ཚོ་དང་ང་མི་མཉམ་གསུང་ནས་ཞལ་ཕོ་ཡང་མཛད། སྤྱན་གཡས་ཀྱི་བྱང་གི་དགོན་དཀར་དུ་གཅིག་པུར་བཞུགས་ནས་མངོན་པ་ཀུན་ལས་བཏུས་ལ་གཟིགས་རྟོག་མཛད་པས་ཉིན་རེ་གཞུང་ཤོག་བཅོ་ལྔ་ཙམ་ཟིན་པ་བྱུང་། ཁུ་བོ་སློབ་དཔོན་པས་རྩིས་དཀར་ནག་གཉིས་ཀ་མཁྱེན་པས་ས་རིས་དེ་ཇི་ཙུག་བྱེད་པ་ཡིན་ཞུས་པས་འདི་བཞིན་བྱེད་པ་ཡིན་གསུང་ནས་ཞལ་བཅོས་གཅིག་མཛད་བྱུང་བས་ཐབ་འགྲམ་གྱི་ཐལ་བ་བདལ་ནས་ཅུང་ཟད་ཅིག་སྦྱངས་དེ་ནས་ཕྱག་ངར་ལ་རི་མོ་མཛད་ཅིང་སྦྱངས་པས་བསྒྱུར་བགོད་བྱང་བར་མཁྱེན་བྱུང་བས། རྟ་ལོའི་
སྤྱི་ལོ་1414
དགུན་དེ་རྩེས་ཐང་དུ་བླ་མ་རྐྱང་ཆེན་པ་ལ་རྩིས་ཞུས་ནས་ལྔ་བསྡུས་བཏང་། རྒྱུ་མཚན་རྩིས་ཀྱང་བཟའ་དྷྲུ་ཙམ་ཞིག་གི་བར་དུ་གསན། དེ་ནས་ཀུན་མཁྱེན་ཆེན་པོའི་རྩིས་ལ་བརྟེན་ནས་ཐུགས་ཀྱི་དཔྱོད་པ་ཉིད་ལ་ལེགས་པར་འབད་པས་ཡོངས་སུ་རྫོགས་པར་མཁྱེན། ལུག་གི་དཔྱིད་དེ་ཐང་པོ་ཆེར་ཆོས་བར་མཛད་ནས་གསེར་ཁང་དུ་བཞུགས། དེ་དུས་ཀྱང་རྩིས་ལ་ལེགས་པར་བསམས་པ་ཡིན་གསུང་། ལུག་གི་སྤྱི་ལོ་1415
དབྱར་སོས་སློབ་དཔོན་སྟོན་ཤཱཀ་པའི་མཆོད་རྟེན་བརྩིག་པའི་ལས་རྣམས་མཛད། དེའི་སྟོན་ཁར་སོང་བ་ན་དབང་གྲགས་པ་རྒྱལ་མཚན་གྱིས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དཔོན་སློབ་ཉིས་བརྒྱ་ཙམ་ཞིག་འོན་གྱི་བཀྲ་ཤིས་དོ་ཁར་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་འདུག་པའི་དྲུང་དུ་ཕེབས། [A:24]བླ་མའི་རྣལ་འབྱོར། བྱང་ཆུབ་ལམ་གྱི་རིམ་པ། བཟང་སྤྱོད་སྨོན་ལམ། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་བཅུ་བཞི་པའི་བཤད་པ། རྩ་ཤེའི་རབ་བྱེད་དང་པོ་གཉིས་